དགེ་རྒན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གི་འཆད་ཁྲིད་ཅིག

དགེ་རྒན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གི་འཆད་ཁྲིད་ཅིག


   དེ་རིང་སྟེ་༢༠༡༦ལོའི་ཟླ་༡༡ཚེས༡༨ཉིན་གྱི་ཕྱི་དྲོའི་དུས་ཚོད་༧ཡས་མས་སུ་གཙོས་དགེ་འོས་སློབ་གྲྭ་རུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ལགས་གདན་འདྲེན་ཞུས་ཏེ་༼བོད་ཀྱི་སློབ་གསོ་བ་ཆེན་མོ་རྗེ་རིན་པོ་ཆེས་ཇི་ལྟར་སློབ་གཉེར་བྱས་ཚུལ་ལས་འཕྲོས་ཏེ་རང་ཅག་གིས་སློབ་གཉེར་ཇི་ལྟར་བྱེད་ཚུལ་ཅུང་ཙམ་གླེང་བ་༽ཞེས་པའི་ཁ་བྱང་གི་སྟེང་ནས་འཆད་འཁྲིད་ཆུ་ཚོད་གཉིས་ཀྱི་ཡུན་ལ་གནང་འདུག 

 

  ཚོགས་ཞུགས་མི་སྣར་དེ་གའི་ལས་བྱེད་པ་དང་དགེ་རྒན།  གྲྭ་བ་དང་སློབ་མ་སོགས་ཡོད་ཅིང་མི་མང་བོས་ཚོགས་རའི་ཕྱི་ནང་ཀུན་ཏུ་འཚང་ཁ་བརྒྱབ་འདུག  ཐེངས་འདིའི་གཙོ་སྒྲུབ་པ་ནི་ཀླུ་འབུམ་ཚེ་རིང་དང་སྤྱི་འགན་པ་ནི་ཚེ་རིང་དོན་གྲུབ་ཡིན་ཞིང་། རོགས་སྒྲུབ་ལས་ཁུངས་ནི་སློབ་གླིང་དེ་གའི་བོད་རིག་པའི་སྡེ་ཁག་བཅས་ཡིན་འདུག སྤྱིར་བཏང་འཆད་ཁྲིད་འདི་རྗེ་རིན་པོ་ཆེ་རྗེས་དྲན་གྱི་བྱ་འགུལ་ཞིག་ཡིན་པས། དུས་ཚོད་ཀྱང་རྗེ་རིན་པོ་ཆེའི་གདོང་མཆོད་ཀྱི་ཉིན་མོ་སྟེ་བཅུ་བའི་ལྔ་མཆོད་ཉིན་ལ་གཏན་ཁེལ་བྱས་འདུག་མོད། གནས་སྟངས་ལ་འགྱུར་ལྡོག་བྱུང་བ་དང་བྱ་བའི་དགོས་དབང་གིས་སྔོན་ལ་བསྣུར་དགོས་བྱུང་འདུག  


འཆད་ཁྲིད་གནད་བསྡུས།  རྗེ་རིན་པོ་ཆེའི་མཛད་རྣམ་དང་འབྲེལ་ནས་ཐོག་མཐའ་བར་གསུམ་དུ་ཁོང་གིས་འཆད་རྩོད་རྩོམ་གསུམ་གནང་བའི་སྐོར།


ཚོགས་རའི་ནང་ཡོངས་རྫོགས། 

༢༠༡༦-༡༡-༡༨དགོང་མོར་རང་རེའི་དྲ་བའི་གསར་འགོད་པ་གཉན་བུས་གསར་འགོད་བྱས་སོ། །


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2016-11-19 ལྟ་ཀློག (6611)