བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ།

བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ།

   མདོར་ན་ཚང་མའི་བསམ་བློའི་ཁ་ཕྱོགས་གཅིག་ཏུ་འཁོར་བ་དང་ནུས་པ་གང་ཡོད་རྩལ་དུ་སྤྲུགས་ན་ལེགས་འགྲུབ་མི་འབྱུང་བའི་གནས་མེད།   ཁྱེད་ཚོའི་རྩ་འཛུགས་འདི་ཚུགས་པ་དང་ཁྱེད་ཚོས་སྒྲུབ་བཞིན་པའི་བྱ་བ་འདི་དག་མཐོང་ནས་ང་རང་དགའ་བ་འབུམ་གྱིས་ཁེངས་ཡོད།  རྒྱུ་མཚན་ནི་སློབ་གྲྭ་འདི་མི་རེ་འགའ་དང་རྩ་འཛུགས་གང་ཡང་རུང་བ་ལ་སྤྲད་པ་མ་ཡིན་པར་རང་གི་སློབ་མིའི་ཚོགས་པ་སྟེ་ཐོན་མིའི་སློབ་ཚོགས་ལ་སྤྲད་པས་སོ།།     ཞེས་༢༠༡༦ལོའི་ཟླ༢ཚེས༡ཉིན་དགེ་རྒན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་མཆོག་གིས། 

བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་སྒོ་འབྱེད་མཛད་སྒོ་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས།    ༢༠༡༦  ༡༡   ༤ཉིན།



     2016ལོའི་སྤྱི་ཟླ་༡༡པའི་ཚེས་༤ཉིན་གྱི་སྔ་དྲོའི་ཉི་ཤར་དང་ལྷན་དུ་«བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་» ཁང་གི་སྒོ་འབྱེད་མཛད་སྒོ་དངོས་སུ་བསྡུས།  ཐོག་མར་གྲྭ་བཙུན་ཐར་འདོད་རྒྱ་མཚོ་གཙོས་དགེ་འདུན་པ་དག་གིས་བཀྲ་ཤིས་བརྩེགས་པ་དང་གཡང་འབོད་གསུངས་ཏེ་རབ་གནས་བྱས་ཤིང་།  ཕྱི་དྲོར་གཙོ་འགན་གཞོན་པ་དྲུང་ཡིག་འཇམ་དབྱངས་བཀྲ་ཤིས་དང་རྒྱུན་ལས་འགན་འཛིན་པ་འཕྲིན་ལས་དར་རྒྱས་གཉིས་ཀྱི་སྣེ་ཁྲིད་འོག་གེ་སར་ཚོང་ཁྲོམ་ཆེན་མོ་རུ་གསོལ་སྟོན་བཤམས་ཏེ་གྲོས་མོལ་ཚོགས་འདུ་བསྡུས།   ཚོགས་ཐོག་ཏུ་སློབ་གྲོགས་རེ་རེའི་བསམ་ཚུལ་བཏོན་ཞིང་མ་འོངས་པའི་འཆར་གཞི་སྣ་ཚོགས་ཀྱི་ལས་གཞི་གཏན་འཁེལ་བྱས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས་ལེགས་སྐྱེས་གནང་བ།

ལས་སྒྲུབ་ཁང་དུ་ཕྱག་ལས་གནང་བཞིན་པ།

    རྒྱལ་ཁབ་ཀྱི་ཁྲིམས་མཐུན་རང་བཞིན་གྱི་ཆོག་མཆན་ཐོབ་པའི་དཔར་ཁང་འདི་ནི་ས་གནས་མང་ཚོགས་ཀྱི་སློབ་གསོའི་དགོས་མཁོ་དང་བསྟུན་ཏེ་ཞབས་ཕྱི་གང་ལེགས་ཤིག་གི་ཆེད་དུ་བསྒྲུབས་པ་ཞིག་ཡིན་ལ།  ཞབས་ཕྱིའི་རྣམ་གྲངས་ནི། དགོན་སྡེ་དང་སློབ་གྲྭ་མཚམས་སྦྱོར། མི་སྣ་གྲགས་ཅན་མཚམས་སྦྱོར་དང་ས་གནས་ངོ་སྤྲོད་འབྲི་བ། བརྡ་སྦྱོར་ཀློག་འདོན། སྙན་ངག་གྱེར་འདོན།  མདོ་འཛིན་པའི་གཏམ། ཤིས་ཚིག་སྣ་ཚོགས་དང་གཞས་ཚིག་སོགས་འབྲི་བ།  གཞན་ཡང་དུས་དེབ་དང་ཚགས་པར་སྣ་ཚོགས། པར་ལེན་དང་བརྙན་ལེན།  DVD CDསྒྲ་བརྙན་ཕབ་སྐྲུན། དཔེ་དེབ་ཀྱི་ཕྱི་ཤོག་ཇུས་འགོད་དང་པར་གཞི་སྒྲིག་བཟོ། ཡིག་གཏག་དང་ཞུ་དག ཆོས་དཔེ་སྒྲིག་བཟོ་དང་བསྐྱར་དཔར།  ཐང་ག  ཆོས་དར། རླུང་རྟ། ཁ་བཏགས། འཕྲེད་དར།  ལེགས་སྐྱེས་ཁུག་མ། འབྲི་དེབ། ཟིན་བྲིས་དེབ། ཁ་པར་དེབ། འབྱོར་འཛིན་དེབ། གསེར་བྱང་། ཆུ་ཤེལ་གྱི་རྟགས་མ། གསེར་དངུལ་གྱི་རྟགས་མ། ལོ་ཐོ།  དཀར་ཡོལ།  ཇ་ཕོར། ལག་ཁུག་དང་རྒྱབ་ཁུག  འགྱིག་ཁུག ཤོག་སྒམ།  ཆར་གདུགས། རླུང་གཡབ།  བྱ་དགའ་དང་དཔང་ཡིག་སྣ་ཚོགས། མགྲོན་ཤོག་སྣ་ཚོགས། ཚོང་རྟགས་ཇུས་འགོད་སོགས་ལས་གཞི་སྣ་ཚོགས་ལས་གཉེར་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་རེ་འདོད་ལྟར་སྒྲུབ་བཞིན་ཡོད་དོ།།

མཚོ་ལྷོ་ཁུལ་བྲག་དཀར་རྫོང་འཇིགས་མེད་མཉམ་སྐྱོད་སློབ་གྲོགས་ཀྱི་དྲུང་ཡིག་པ་འོད་ཟེར་ལྗང་གུས་ཚོགས་ཐོག་ཏུ་ཡི་གེར་ཕབས།

འཇིགས་མེད་མཉམ་བསྐྱོད་སློབ་གྲོགས་རྣམས་ཀྱིས་ལས་གཞིའི་ཐད་གྲོས་ཀ་གནང་བཞིན་པ།

མ་འོངས་པའི་ཁ་ཕྱོགས་ཐད་བགྲོ་གླེང་གནང་བཞིན་པ།


    མཚོ་ལྷོ་ཁུལ་བྲག་དཀར་རྫོང་འཇིགས་མེད་མཉམ་སྐྱོད་སློབ་གྲོགས་ཀྱི་མཉམ་པར།


བྲག་དཀར་ཐོན་མིའི་སློབ་གསོ་དཔར་ལས་ཁང་གི་འབྲེལ་གཏུག་ས་གནས།

བྲག་དཀར་རྫོང་བྱང་ལམ་ཆེན་མོའི་ཉོ་ཚོང་སྲང་ལམ།   ཐོག་ཁང་ཉེར་དྲུག་གི་སྒོ་རྟགས་བརྒྱད་པ།兴海县城关北大街商贸新街(华盛小区)26-8

འབྲེལ་གཏུག་བྱ་ཡུལ། ཁ་པར། 13119746017      13619757520

         

གསར་འགྱུར་མཁོ་སྤྲོད་པ། འོད་ཟེར་ལྗང་ཁུ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-11-05 ལྟ་ཀློག (5380)