འཛམ་གླིང་གི་ངོ་མཚར་ཅན་གྱི་བུད་མེད་འགའ།

འཛམ་གླིང་གི་ངོ་མཚར་ཅན་གྱི་བུད་མེད་འགའ།
རྩོམ་ཁུངས།周立波脱口秀


ལོ་ན་༨༧སོན་པའི་ཨ་མའི་མགོ་ན་རྭ་སྐྱེས་པ།


     ལོ་༨༧ཅན་གྱི་བགྲེས་མ་ཞིག་གི་མགོ་ལ་ཞིང་ཚད་ལི་སྨི་༦དང་རིང་ཚད་ལི་སྨི་༡༣ཙམ་གྱི་རྭ་སྐྱེས་ཡོད་ཅིང་། མཚམས་མཚམས་སུ་ཁྲག་བཞིར་བ་དང་ཟ་འཁྲིག་ལངས་པར་གྲགས་ལ། མོའི་བུ་ཡིས་བཤད་པ་ལྟར་ན་ལོ་བརྒྱད་ཀྱི་སྔོན་དུ་མའི་ཐོད་པར་སྨེ་ནག་པོ་ཞིག་བུད་ནས་རྒྱུན་དུ་ཟ་འཁྲིག་ལངས་པར་སྨན་ཁང་ནས་ཟ་འཁྲིག་འཇགས་པའི་སྨན་བླངས་ཀྱང་ཕན་པ་མ་བྱུང་བར་རྭ་སྐྱེས་བྱུང་ཟེར།


བུད་མེད་ཅིག་གི་ལུས་ལ་ལྕགས་སྐུད་སྐྱེས་པ།

      ལོ་ཉི་ཤུའི་ཡར་སྔོན་ཞིག་ལ་དབྱིན་ཉིའི་རྒྱལ་ཁབ་ཀྱི་བུད་མེད་ཞིག་ལུས་པོ་འཁྲིད་སྐབས་གློ་བུར་དུ་བྲང་འདབ་ནས་ལྕགས་སྐུད་བུད་བྱུང་བ་མཐོང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཉིན་གཉིས་པར་ལྕགས་སྐུད་ཀྱི་རིང་ཚད་ལི་སྨི་བཅུར་སླེབས་ཟིན་པ་དང་ཕྱིས་སུ་གཡའ་ཟིན་པའི་ལྕགས་སྐུད་ཀྱང་མང་དུ་སྐྱེས།  མོས་ལོ་ངོ་ཉི་ཤུའི་རིང་ནད་འདིའི་བཅོས་ཐབས་དང་འབྱུང་རྐྱེན་བཙལ་ཡང་ལན་མ་རྙེད།


དབྱིན་ཇིའི་བུད་མེད་ཅིག་ལ་ལྷན་སྐྱེས་སུ་མཚན་མ་གཉིས་ཡོད།


    དབྱིན་ཇིའི་བུད་མེད་འདི་ལ་ལྷན་སྐྱེད་སུ་མཚན་མ་དང་མངལ་སྣོད་གཉིས་ཡོད་ཅིང་། ལོ་༢༥ལྔའི་རིང་སྨན་པའི་རྟག་དཔྱད་བྱས་ཀྱང་བཅོས་ཐབས་མ་རྙེད།


སྣ་དང་མིག་མེད་པའི་ཨ་རུའི་བུད་མེད་ཅིག

        ཨ་རུའི་ལྷོ་ཕྱོགས་ཀྱི་ཁཱ་ལོ་ལེ་རྣ་ཁུལ་གྱི་བུད་མེད་འདི་ལ་ལྷན་སྐྱེས་སུ་སྣ་དང་མིག་མེད། སྨན་པས་བཤའ་བཅོས་བྱས་ཏེ་མོར་སྣ་དབང་གསར་པ་ཞིག་བསྐྲུན་པས་མོའི་མི་ཚེའི་སྟེང་ཆེས་ཐོག་མར་སྣ་དབང་བརྒྱུད་དེ་དྲི་མ་འཛིན་ཐུབ་པ་བྱུང་།


མོ་མཚན་མེད་པའི་ཧྥེ་གླིང་གི་བུད་མེད་ཅིག


      ལོ་༢༥སོན་པའི་ཧྥེ་གླིང་གི་བུད་མེད་འདི་ལ་མོ་མཚན་མེད་ཅིང་ཁུ་བ་འཐུང་བས་མངལ་སྦྲུམ། སྨན་པས་བརྟག་དཔྱད་བྱས་པ་ལྟར་ན་མོའི་ཕོ་བ་མངལ་ཁུངས་དང་འབྲེལ་ནས་ཡོད་པར་བཤད།


ཐེ་ལན་ཌའི་བུད་མེད་ཅིག་ལ་སྤུ་ལུས་གང་བར་སྐྱེས།


       སུའུ་ཕཱ་ཐི་ལ་སཱ་སྲུའུ་ཧྥན་ནི་ཐེ་ལན་ཌའི་བུད་མེད་ལོ་ན་༡༣ཅན་ཞིག་ཡིན། མོར་སྐྱང་མིའི་ནད་ཡོད་པར་གྲགས་ཤིང་ལུས་གང་བོར་སྤུ་ཡིས་ཁེངས་ཡོད་པས་ལོ་མཐུན་རྩེད་གྲོགས་དག་གིས་མོ་ལ་སེང་གདུང་བུ་མོ་དང་སྐྱང་མི་སོགས་སུ་འབོད་ཀྱིན་མཆིས། མོ་ན་རེ། ངའི་ལུས་གང་བོར་སྤུས་ཁེངས་ཡོད་པའ་ཅིའི་ཉི་སིའི་འཛམ་གླིང་ཟིན་ཐོ་ལས་བརྒལ་བ་རེད། མི་གང་མང་ཞིག་གིས་འབད་པ་བརྒྱ་ཕྲག་བྱས་ཀྱང་གྲུས་འབྲས་འདིའདྲ་ཐོབ་དཀའ་མོ་རེད། དེ་བས་ང་རང་གི་ལུས་ཕུང་ལ་བཀའ་དྲིན་དང་དགའ་སྣང་ཞེ་དྲག་ཡོད།


མིག་ལས་ཚྭ་ཤེལ་ཐོན་པའི་པ་ཞིའི་བུད་མེད་ཅིག

     ལོ་ན་སོ་ལྔར་ལོན་པའི་པ་ཞིའི་བུད་མེད་ཕིན་སྲི་ལ་ལོ་བཅོ་ལྔ་ནས་མིག་ནང་དུ་སྨེ་བ་དཀར་པོ་བུད་པ་དང་སྨན་པས་ལོ་ཉི་ཤུའི་རིང་མོའི་མིག་ལས་དཀར་ཞིང་གཙང་པའི་ཚྭ་ཤེལ་ལྡོག་པོ་༣༠བླངས།

མིག་ཆུ་དང་རྔུལ་ཆུ་ཁྲག་གིས་གྲུབ་པའི་བུད་མེད་ཅིག

     ཏོ་མིས་ཉེས་ཡཱ་སྤྱི་མཐིན་རྒྱལ་ཁབ་ཀྱི་ལོ་༡༩ཅན་གྱི་བུ་མོ་ཞིག་ལ་ལོ་བཞིའི་ཡར་སྔོན་དུ་ནད་ཁེ་མཚར་ཞིག་བྱུང་། ནད་དེ་ནི་མིག་སྔར་སྨན་བཅོས་ཀྱི་ཐབས་ཤེས་ཅི་ཡང་མ་རྙེད་པའི་ནད་ཅིག་སྟེ། ནད་དེས་མོའི་མིག་ཆུ་དང་རྔུལ་ཆུ་གཉིས་ཀ་ཁྲག་ཁོ་ན་ཡིན་པར་གྱུར།

ཁ་པར་ཅོང་བརྡ་ཐོས་ཚེ་མལ་སར་སློང་འགྲོ་བའི་བུད་མེད།

    ༢༠༡༢ལོའི་ཟླ༦པའི་ཚེས་༧ཉིན་ལ་དབྱིན་ཇིའི་བུད་མེད་ཅིག་ལ་ནད་ཡ་མཚན་པ་ཞིག་བྱུང་། ནད་དེ་ནི་ཁ་པར་གྱི་ཅོང་བརྡ་ཐོས་པ་དང་མོའི་ལུས་ཀྱི་ནུས་ཤུགས་གཏན་ནས་མེད་པར་གྱུར་ཏེ་མལ་སར་སློང་།


ཟས་ཀྱིས་མངལ་འཛིན་པའི་བུ་མོ།


     ལོ་༢༣ཅན་གྱི་དབྱིན་ཇིའི་བུད་མེད་ཅིག་ཟས་ཕྲན་ཙམ་ཟོས་ཀྱང་ལྟོ་བ་མངལ་བཟུང་བ་ལྟ་བུར་གྱུར་འགྲོ་ལ་དུས་ཚོད་ཕྱེད་ཙམ་འདའ་རྗེས་ག་ལེར་ཇེ་ཆུང་དུ་གྱུར་འགྲོ།


དུས་ཚོད་༢༥རིང་གི་བྱ་དངོས་ལས་ཡིད་ལ་འཛིན་མི་ཐུབ་པའི་བུ་མོ་ཞིག


           ལོ་ན་༡༩སོན་པའི་དབྱིན་ཇིའི་བུ་མོ་ཇེ་སི་ལེ་ཏིང་ལ་ནད་ངོ་མཚར་ཅན་ཞིག་བྱུང་ཡོད་དེ། མོའི་ཡིད་འཛིན་གྱི་ནུས་པ་དུས་ཚོད་༢༥ལས་མེད་པར་གྱུར།  དེ་བས་མོར་མཚོན་ན་ཉིན་རེ་རེ་ནི་ཚེ་སྲོག་གི་དབུགས་རྒྱུན་གསར་བ་ཞིག་ཏུ་གྱུར་ཡོད།


ཡིག་སྒྱུར་བ་དང་གསར་འགོད་པ། རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-11-04 ལྟ་ཀློག (5101)