ཐོན་མིའི་ཞིབ་འཇུག་གི་གླེང་གཞི་རེ་འགའ་ཞེས་པའི་བརྗོད་གཞིའི་སྟེང་འཆད་ཁྲིད་བྱས་པ།

ཐོན་མིའི་ཞིབ་འཇུག་གི་གླེང་གཞི་རེ་འགའ་ཞེས་པའི་བརྗོད་གཞིའི་སྟེང་འཆད་ཁྲིད་བྱས་པ།

    སྤྱི་ལོ་༢༠༡༦ ལོའི་སྤྱི་ཟླ༡༡བའི་ཚེས་༢ ཉིན་གྱི་དགུང་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྨད་ཀྱི་ཚོགས་ཁང་ཆེན་མོ་རུ་ཐོན་མིའི་རིག་གནས་བརྗེ་རེས་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་བའི་༼འཆད་ཁྲིད་ཐོན་མིའི་དགོངས་རྒྱན་༽ སྟེང་ཆེད་ཞུས་གནང་བའི་ན་གཞོན་སྙན་ངག་པ་བླ་ནག་པ་སྐལ་ལྡན་རྒྱ་མཚོས༼་ཐོན་མིའི་ཞིབ་འཇུག་གི་གླེང་གཞི་རེ་འགའ་ ༽ ཞེས་པའི་བརྗོད་གཞིའི་སྟེང་སློབ་དཔོན་ཐོན་མིའི་ལོ་རྒྱས་དང་འབྲེལ་བའི་སྒོ་ནས་སློབ་དཔོན་ཐོན་མིའི་སྙིང་སྟོབས་བདུན་དང་།  རླབས་ཆེན་གྱི་ལེགས་འགྲུབ་བཅུ་གཉིས།  ཐོན་མིའི་གདོང་རྒྱུད་ཞིབ་འཇུག  ཐོན་མིའི་སློབ་རྒྱུད་ཞིབ་འཇུག  ཐོན་མིའི་ཕེབས་ལམ་ཞིབ་འཇུག་དང་འབྲེལ་ཏེ་དགེ་སློབ་སྟོང་ཕྲག་ལྷག་ལ་འཆད་ཁྲིད་གནང་བར་ཚོགས་ཞུགས་དགེ་སློབ་ཡོངས་ཀྱིས་དགའ་བསུ་བླ་མེད་ཐོབ།

བླ་ནག་པ་སྐལ་ལྡན་རྒྱ་མཚོས༼་ཐོན་མིའི་ཞིབ་འཇུག་གི་གླེང་གཞི་རེ་འགའ་ ༽ ཞེས་པའི་འཆད་ཁྲིད་གནང་བཞིན་པ།

ཚོགས་ཞུགས་དགེ་རྒན་རྣམས་ཀྱིས་འཆད་ཁྲིད་ལ་ཉན་བཞིན་པ།

སློབ་དཔོན་ཐོན་མིའི་སྙིང་སྟོབས་བདུན་དང་རླབས་ཆེན་གྱི་ལེགས་འགྲུབ་བཅུ་གཉིས་གླེང་བ།

ཚོགས་རའི་ཡུལ་ངོས།

འཆད་ཁྲིད་ཐོན་མིའི་དགོངས་རྒྱན་གྱི་མཇུག་བདེ་ལེགས་ངང་བསྡུས་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-11-02 ལྟ་ཀློག (3783)