༼​བོད་ཡིག་སྦྱོར་ཀློག་ལས་འཕྲོས་ཏེ་བརྡ་སྤྲོད་ཀྱི་གནད་དོན་སྐོར་གླེང་བ​༽ཞེས་པའི་འཆད་ཁྲིད།​

 ༼བོད་ཡིག་སྦྱོར་ཀློག་ལས་འཕྲོས་ཏེ་བརྡ་སྤྲོད་ཀྱི་གནད་དོན་སྐོར་གླེང་བ༽ཞེས་པའི་བརྗོད་གཞིའི་སྟེང་ནས་འཆད་ཁྲིད་བྱས་པ།

   ཟླ༡༠བའི་ཚེས༢༦གྱི་དགུང་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་བའི་༼འཆད་ཁྲིད་ཐོན་མིའི་དགོངས་རྒྱན་༽དུ་ཆེད་ཞུས་གནང་བ་བཞིན་དགེ་རྒནརུ་མང་འཕྲིན་ལས་ལགས་ཀྱིས་༼བོད་ཀྱི་སྐད་ཡིག་སྦྱོར་ཀློག་ལས་འཕྲོས་ཏེ་བརྡ་སྤྲོད་ཀྱི་གནད་དོན་སྐོར་ཅུང་ཙམ་གླེང་བ༽ཞེས་པའི་བརྗོད་གཞིའི་སྟེང་ནས་དགེ་སློབ་སྟོང་ཕྲག་ལྷག་ལ་འཆད་ཁྲིད་གནང་ཞིང་།  དགེ་སློབ་ཡོངས་ཀྱིས་དགའ་བསུ་བླ་མེད་ཐོབ།


དགེ་རྒན་རུ་མང་འཕྲིན་ལས་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ། 


ཐེངས་འདིའི་འཆད་ཁྲིད་ལ་ཞུགས་པའི་དགེ་རྒན་དང་ལས་བཟོ་བ། 


སློབ་མ་རྣམས་ཀྱིས་འཆད་ཁྲིད་ལ་ཉན་པ། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-10-26 ལྟ་ཀློག (3158)