འཛུགས་སྐྲུན་གྱི་བཟོ་བཀོད་རྙིང་བ་ཡིད་དབང་འཕྲོག་པའི་སྒྱུ་རྩལ་བརྩམས་ཆོས་སུ་གྱུར་བ།

འཛུགས་སྐྲུན་གྱི་བཟོ་བཀོད་རྙིང་བ་ཡིད་དབང་འཕྲོག་པའི་སྒྱུ་རྩལ་བརྩམས་ཆོས་སུ་གྱུར་བ།

              2016/09/16    09:24:46

ད་ལྟ། བཟོ་བཀོད་རྙིང་བ་ཧ་ཅང་མང་བོ་ཞིག་འཛམ་གླིང་གི་ཡུལ་གྲུ་གང་སར་ཡོད་པ་དང་། དེ་དག་གཏོར་བཤིག་བཏང་བ་ཡིན་ན་མི་ཁ་ཤས་ཀྱི་སེམས་སུ་ལོ་རྒྱུས་བསུབས་པ་དང་མཚུངས་སྙམ་གྱིན་ཡོད། ཧྥ་རན་སིའི་སྲང་མདོའི་སྒྱུ་རྩལ་བJulien Mallandའཛམ་གླིང་གི་ས་ཆ་གང་སར་བསྐྱོད་དེ་སྣ་མང་ཕུན་སུམ་ཚོགས་པའི་སྲང་མདོའི་སྒྱུ་རྩལ་བརྩམས་ཆོས་གང་མང་ཞིག་གསར་རྩོམ་མཛད་ཡོད།

   ཁོང་གི་རྩིག་ལྡེབས་ཀྱི་རི་མོའི་བརྩམས་ཆོས་ཁྲོད། ཆེས་རྒྱུན་མཐོང་གི་གསར་རྩོམ་ནི་ཚོན་མདངས་གསར་བས་རགས་བྲིས་ཀྱི་བྱིས་པའི་སྣང་བརྙན་ཡིན།

    ཁོ་རང་གིས་བསྟན་དོན། རང་ཉིད་ཀྱི་གསར་རྩོམ་གྱི་ཚོར་འདུ་ནི་ཉེ་འཁོར་གྱི་ཁོར་ཡུག་ལས་བྱུང་བ་ཡིན་ཏེ། དེ་ཡང་སྤྱི་ཚོགས་ཀྱི་འབྲེལ་ལམ་དང་རིག་གནས། ཡང་ན་ཆབ་སྲིད་ཀྱི་སྣང་ཚུལ་དག་ཡིན་ལ། ཐ་ན་གྱང་ལྡེབས་ཡིན་ནའང་རང་ཉིད་ལ་བློ་སྒོ་འབྱེད་ངེས་ཡིན་ཟེར།

   གསར་རྩོམ་གྱི་བརྩམས་ཆོས་རེ་རེ་ཆུ་ཚོད་ཁ་ཤས་ནས་གཟའ་འཁོར་གཅིག་བར་གྱི་རིང་ཐུང་མ་ངེས་པའི་དུས་ཚོད་ནང་ལེགས་འགྲུབ་བྱེད་ཀྱིན་ཡོད།

     ཧྥ་རན་སི་ཕ་རེ་སི་རུ་སྐྱེས་པའི་སྒྱུ་རྩལ་བ་འདིས་དུས་རབས་སྔོན་མའི་ལོ་རབས90བ་ནས་བཟུང་ཧུར་བརྩོན་ཆེན་པོས་བརྩམས་ཆོས་གསར་རྩོམ་མཛད་པར་མ་ཟད། ཁོ་རང་རྒྱ་གར་དང་ཀྲུང་གོ། མོ་ཞིས་ཀི། ཧིན་རྡུ་ནེ་ཞིས་ཡ། ཡོ་ནན་སོགས་སུ་ཕྱིན་པ་དང་། ཡུལ་སྐོར་གྱི་ཟིན་ཐོ་དང་སྲང་ལམ་གྱི་སྒྱུ་རྩལ་གསར་རྩོམ་གྱི་མཚམས་སྦྱོར་སྐོར་གྱི་བརྩམས་ཆོས་དཔེ་དེབ་གཉིས་ཀྱང་པར་སྐྲུན་བྱས་ཡོད།

 འཛུགས་སྐྲུན་གྱི་བཟོ་བཀོད་སྒྱུ་རྩལ་བརྩམས་ཆོས་སུ་གྱུར་བ།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ།  སེར་ལག་འཇམ་དབྱངས་ཚུལ་ཁྲིམས།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-10-21 ལྟ་ཀློག (3172)