ཤེས་རིག་གླིང་གི་སྐབས་ཉེར​་གཉིས་པའི་ལུས་རྩལ་འགྲན་ཚོགས་ཆེན་མོ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཉིས་པའི་ལུས་རྩལ་འགྲན་ཚོགས་ཆེན་མོ།

     ༢༠༡༦ ལོའི་སྤྱི་ཟླ་༡༠ བའི་ཚེས་༢ཉིན་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་རེའི་འཆར་གཞི་ལྟར་སྐབས་ཉེར་གཉིས་པའི་ལུས་རྩལ་འགྲན་ཚོགས་ཆེན་མོ་སློབ་གླིང་གི་གླིང་སྨད་ཀྱི་ལུས་རྩལ་ཐང་ཆེན་དུ་དངོས་སུ་འཚོགས་འགོ་བརྩམས་ཤིང་།   འཛིན་གྲྭ་རང་རང་གི་ཁྱད་ཆོས་དང་ལྡན་པའི་ལུས་རྩལ་བའི་རུ་དར་སྣ་ཚོགས་ཀྱིས་མ་ཡུམ་སློབ་གླིང་གི་ལུས་རྩལ་ཐང་ཆེན་ཡོངས་མཛེས་པར་བྱས། རུ་དར་སྣ་ཚོགས་ཐོགས་པའི་ལུས་རྩལ་བའི་རུ་ཁག་སོ་སོ་སྟར་ཕྲེང་སྒྲིག་ཏེ་ལུས་རྩལ་ར་བར་འཛོམས་ཤིང་སྐད་གཟེངས་མཐོན་པོས་སློབ་གླུ་བླངས། དེ་རྗེས་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་དང་བཛྲ་ཚུལ་ཁྲིམས་རྒྱ་མཚོ་རྣམ་པ་གཉིས་ཀྱིས་ལུས་རྩལ་འགྲན་ཚོགས་ཆེན་མོའི་དགེ་མཚན་དང་འབྲེལ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་བ་དང་། ལུས་རྩལ་བའི་ཁྲོད་ཀྱི་གཞོན་སྐྱེས་འཐུས་ཚབ་པ་དང་བྱིས་པའི་འཐུས་ཚབ་མི་སྣས་གཏམ་བཤད་གནང་རྗེས་སྐབས་ཉེར་གཉིས་པའི་ལུས་རྩལ་འགྲན་བསྡུར་ཆེན་མོ་དངོས་སུ་འགོ་བརྩམས་པ་རེད། ལུས་རྩལ་འགྲན་ཚོགས་སྟེང་དུ་འཛིན་གྲྭ་སོ་སོའི་ཐག་འཐེན་དང་། ས་སྒྱེ་འགྱོགས་པ། གླང་ཆེན་ས་གཤགས། མཆོང་ལྡིང་གི་རིགས། མདའ་མདུང་སྐོར་འཕེན། མུན་ནག་རྔ་རྡུང་། སྟེགས་ཐོག་ཕོ་ལོང་སོགས་རྩེད་མོའི་རྣམ་གྲངས་ཤིན་ཏུ་མང་། ཉིན་ལྔའི་དུས་ཡུན་ནང་དགེ་སློབ་ཡོངས་ལུས་རྩལ་འགྲན་བསྡུར་ལ་ཞུགས་ཤིང་སྤྱི་ཟླ་༡༠ བའི་ཚེས་༦ ཉིན་སྟེ་རེས་གཟའ་ཕུར་བའི་དགོང་མོར་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཆེན་མོ་རྒྱལ་ཁའི་ངང་མཇུག་བསྡུས་པ་རེད།

ཤེས་རིག་ནོར་བུའི་སློབ་གླིང་གི་ལུས་རྩལ་ཐང་ཆེན་དུ་སྔོན་འགྲོའི་སྟ་གོན་བྱེད་བཞིན་པ།

རུ་དར་སྣ་ཚོགས་ཐོགས་པའི་ལུས་རྩལ་བའི་རུ་ཁག་སོ་སོ་བསྟར་ཕྲེང་བསྒྲིགས་ཏེ་ལུས་རྩལ་ར་བར་འཛོམས་པ།

རུ་ཁག་སོ་སོ་བསྟར་ཕྲེང་བསྒྲིགས་ཏེ་ལུས་རྩལ་ར་བར་འཛོམས་ཤིང་སྐད་གཟེངས་མཐོན་པོས་སློབ་གླུ་ལེན་བཞིན་པ།


སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་ལུས་རྩལ་འགྲན་ཚོགས་ཆེན་མོའི་དགེ་མཚན་དང་འབྲེལ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་བ།


ལུས་རྩལ་བས་ས་སྒྱེ་འགྱོགས་བཞིན་པ།


འཛིན་གྲྭའི་འཐུས་ཚབ་མི་སྣ་སྒྱེ་རྒྱུགས་གནང་བཞིན་པ།


མཆོང་ལྡིང་བྱེད་བཞིན་པ།


འཛིན་གྲྭ་སོ་སོས་ཐག་འཐེན་བྱེད་བཞིན་པ།


མཆོང་ལྡིང་བྱེད་བཞིན་པ།

རྒྱལ་ཁ་ཐོབ་པར་ཀི་བསྭོ་སྒྲོག་བཞིན་པ།

ཕུལ་བྱུང་ལུས་རྩལ་བར་བྱ་དགའ་གནང་བར་སྟ་གོན་བྱེད་བཞིན་པ།

བྱ་དགའ་ཐོབ་མཁན་ལ་རིམ་བཞིན་གཟེངས་རྟགས་ཕུལ་བ།

ཕུལ་བྱུང་ལུས་རྩལ་བར་བྱ་དགའ་གནང་སྟེ་སྐུལ་འདེད་བྱས་པ།

བྱ་དགའ་ཐོབ་ཟིན་པའི་ལུས་རྩལ་བའི་མཉམ་པར།

ཐེངས་འདིར་འཛིན་གྲྭ་སོ་སོས་རང་མོས་སྒོས་གསར་བཟོ་བྱས་པའི་རུ་དར་སྣ་ཚོགས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-10-07 ལྟ་ཀློག (4533)