བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་དཔྱད་རྩོམ་འགྲན་སྡུར་བརྡ་སྦྱོར།

བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་དཔྱད་རྩོམ་འགྲན་སྡུར་བརྡ་སྦྱོར།


   མི་རིགས་ཤིག་གི་དར་རྒུད་ནི་དཔལ་འབྱོར་གྱི་དར་རྒུད་དང་འབྲེལ་བ་དམ་ཟབ་ཡོད་པས། ངེད་ཚོ་ཤོག་གསར་བས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་དཔལ་འབྱོར་གོང་འཕེལ་གྱི་ཀུན་སློང་གཙང་མ་སྔོན་དུ་སོང་ནས། དེ་འབྲེལ་གྱི་བགྱི་བ་ལྷུར་ལེན་པའི་དོན་ལ་འབད་འབུངས་ཅི་ཐུབ་བྱེད་བཞིན་ཡོད། དེ་ཡང་དཔལ་འབྱོར་འཕེལ་རྒྱས་ནི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་སྒྲིག་གཞི་ཕོན་ཆེན་པོ་ཞིག་ཡིན་པས། ཐེངས་འདིར་བོད་པའི་དཔལ་འབྱོར་འཕེལ་རྒྱས་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་དང་མཛུབ་སྟོན་ཅིས་ཀྱང་མཁོ་གལ་ཆེ་བའི་གནད་འགག་ལ་དམིགས་ནས། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་དཔྱད་རྩོམ་འགྲན་སྡུར་སྤེལ་འཆར་ཡོད། ཞིབ་ཕྲའི་གནས་ཚུལ་གཤམ་གསལ་ལྟར་ཡིན།


༼གཅིག༽འགྲན་ཞུགས་དཔྱད་རྩོམ་གྱི་བརྗོད་གཞི་ནི་ངེས་པར་དུ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་ཡིན་དགོས།


༼གཉིས།༽འགྲན་ཞུགས་དཔྱད་རྩོམ་ཚང་མ་བོད་ཡིག་རྐྱང་བའི་ལམ་ནས་བྲི་དགོས།


༼གསུམ།༽དཔྱད་རྩོམ་ནི་དུས་དེབ་དང་དྲ་ངོས་གང་རུང་ལ་བཀོད་མ་མྱོང་པ་དང་། རྩོམ་པ་པོ་རང་ཉིད་ཀྱི་ཞིབ་འཇུག་ལས་བྱུང་པའི་རྩོམ་གསར་ཡིན་དགོས། ཟུར་ལྟའི་དཔྱད་གཞིའི་རྒྱུ་ཆ་ལས་བཀོད་པའི་ལུང་ཚིག་དང་བསམ་བློ་ལ་ཚད་ལྡན་གྱི་མཆན་གདབ་དགོས།


༼བཞི།༽འགྲན་སྡུར་བྱ་དགའི་སྐོར།


ཨང་དང་པོ་གཅིག བྱ་དགའ་སྒོར་ཁྲི་གཅིག་དང་གཟིགས་བཟོས་དཔང་ཡིག་སྤྲོད་པ།

ཨང་གཉིས་པ་གཉིས། བྱ་དགའ་སྒོར་སྟོང་ལྔ་དང་གཟིགས་བཟོས་དཔང་ཡིག་སྤྲོད་པ།

ཨང་གསུམ་པ་གསུམ། བྱ་དགའ་སྒོར་སྟོང་གསུམ་དང་གཟིགས་བཟོས་དཔང་ཡིག་སྤྲོད་པ།

ཕུལ་བྱུང་བྱ་དགའ་ལྔ། བྱ་དགའ་སྒོར་སྟོང་གཅིག་དང་གཟིགས་བཟོས་དཔང་ཡིག་སྤྲོད་པ།


༼ལྔ།༽འགྲན་ཞུགས་དཔྱད་རྩོམ་ལེགས་འདེམས་བྱས་རྗེས་ཚད་ལྡན་གྱི་དེབ་ཏུ་བཟོ་འཆར་ཡོད་པས། པར་དབང་འདི་གའི་རྩོམ་སྒྲིག་པར་དབང་ངེས་ཡིན་པར་ཐུགས་འཇགས་འཚལ།


༼དྲུག༽བོད་ཀྱི་དཔལ་འབྱོར་གཞུང་ལུགས་དང་ལག་ལེན་ལ་བྱས་རྗེས་གང་འཚམ་ཡོད་པའི་མི་སྣ་ཆེད་ཞུས་ཀྱིས་དཔྱད་འདེམས་ཚན་ཆུང་བཙུགས་ནས་དཔྱད་འདེམས་བྱ་རྒྱུ་ཡིན།


༼བདུན།༽དཔྱད་རྩོམ་བརྩམས་ཆོས་བསྡུ་བའི་དུས་ཡུན་ནི་སྤྱི་ཟླ་༡༠པའི་ཚེས་༡༠ནས་སྤྱི་ཟླ་༡༢པའི་ཚེས་༡༠བར་ཡིན།


༼བརྒྱད།༽ དཔྱད་རྩོམ་ལ་ཞུ་དག་གང་ལེགས་བྱས་རྗེས་གཤམ་གྱི་ཡིག་ཟམ་དུ་བསྐུར་དགོས། 18697157090@163.com


༼དགུ༽འབྲེལ་གཏུག་བྱ་ཡུལ། ཚོ་ཤོག་གསར་པའི་ཅོ་ནེ་པ།

འབྲེལ་གཏུག་ཨང་གྲངས། 18697157090 /15297145222

ཚོ་ཤོག་གསར་པའི་ན་གཞོན་ཚོང་ལས་དཔུང་སྡེ་ནས།
༢༠༡༦ལོའི་སྤྱི་ཟླ་༡༠བའི་ཚེས༦ཉིན་སྤེལ།


关于藏区经济发展的论文大赛通知
    一个民族的盛衰与该民族的经济发展有着密切的联系,因而部落人始终以促进藏区的经济发展作为奋斗目标。经济发展是理论与实践相结合的成果,而理论的支持和引导为重中之重,特此举办本次藏区经济发展论文大赛,比赛规则如下:

一、参赛论文要以藏区经济发展为主题,除文艺类短文以外的所有文章皆可列为征稿范围。

二、参赛论文必须要用藏文撰写。

三、论文须是作者研究所得的原创,未在其他网站或刊物刊登发表。参考文献和引用须有明确注释。

四、奖项设计如下
一等奖一名,奖金10000元并颁发荣誉证书。
二等奖两名,奖金5000元并颁发荣誉证书。
三等奖三名,奖金3000元并颁发荣誉证书。
优秀奖五名,奖金1000元并颁发荣誉证书。

五、本次比赛中评选出的优秀论文将编入文集正式出版,版权归主编所有,望谅解。

六、本次赛事将邀请专业人士组成评议小组负责评选优秀作品。

七、征稿时间:公历2016年10月10日至公历2016年12月10日

八、参赛论文发送至
邮件:18697157090@163.com
联系人:桑杰苏南
联系号码:18697157090 / 15297145222

部落人藏族青年创业联盟
2016年10月6日

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-10-06 ལྟ་ཀློག (6794)