མི་ལུས་ཀྱི་གསང་བའི་ཆོས་ཉིད་བཅུ་གསུམ།

མི་ལུས་ཀྱི་གསང་བའི་ཆོས་ཉིད་བཅུ་གསུམ།

          

སྤྲེལ་ཉི་མ་རྒྱལ་མཚན་གྱིས་བསྒྱུར།

༼༡ མིས་ཚེ་གང་པོར་ཆ་སྙོམ་མཆིལ་མ་སྤྱི་བྲེ་ཉིས་ཁྲི་བརྒྱད་སྟོང་ལྷག་བསྐྱུག་སྲིད་པས་དེས་ཆུ་རྐྱལ་རྫིང་བུ་གཉིས་དགང་ཐུབ།

༼༢ མི་དར་མའི་རྒྱུ་མའི་རིང་ཚད་ཕལ་ཆེར་གཟུགས་ཚད་ཀྱི་ལྡབ་བཞི་ཡིན་པས། གལ་སྲིད་རིམ་བརྩེགས་མ་བྱས་ན་གྲོད་ཁོག་ཏུ་རྦད་དེ་ཤོང་མི་སྲིད།

༼༣ གལ་སྲིད་རང་གི་ཐོབ་ཐང་གསང་ཤོར་བྱེད་མི་བསམ་ན་ཁྱོད་ཀྱིས་ལྕེ་སྣེ་ཕྱི་ལ་མ་སྲིངས་རོགས།  མི་རེ་རེའི་ལྕེ་རིས་དེ་མཛུབ་རིས་ནང་བཞིན་མི་འདྲ་བས་སོ། །

༼༤ ལོ་ན་དྲུག་ཅུའི་སྔོན་ལ།   བརྒྱ་ཆའི་དྲུག་ཅུའི་སྐྱེས་པ་དང་བརྒྱ་ཆའི་བཞི་བཅུའི་བུད་མེད་ཀྱིས་སྔུར་པ་འཐེན། སྔུར་པའི་སྒྲའི་མཐོ་ཚད་ཆ་སྙོམ་བྱས་ན་ཧྥུན་པེ༼སྒྲ་ཚད་འཇལ་གཞི༽དྲུག་ཅུ་ཡིན་ལ་གཏམ་བཤད་གནང་པ་དང་མཚུངས་སོ། །

༼༥ མིའི་ཁྲག་རྩའི་མགོ་མཇུག་ཕན་ཚུན་འབྲེལ་ནས་ཡོད་པས་རིང་ཚད་སྤྱི་ལེ་དགུ་ཁྲི་དྲུག་སྟོང་དུ་སླེབས་ཐུབ། དེར་མ་ཟད་སྙིང་ཁམས་ནས་ཉིན་རེར་ཁྲག་རྒྱུན་སྤྱི་བྲེ་བདུན་ཁྲི་དྲུག་སྟོང་འདྲེན་བཞིན་ཡོད།

༼༦  མིའི་ཧབ་སྦྲིད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་༡༦༠ལས་བརྒལ་ལ།  དེའི་ཕྱིར་ཧབ་སྦྲིད་ཀྱི་ཚོར་པ་འདུག་དུས་ལམ་སང་སྣ་ཁུང་འགེབས་དགོས་སོ། །

༼༧ སེན་མོ་ཟླ་རེར་ལི་སྨི་0.25སྐྱེ་བཞིན་ཡོད་ལ། ལག་པའི་སེན་མོ་དེ་རྐང་པའི་སེན་མོ་ལས་སྐྱེས་པ་མགྱོགས་ཤིང་།  དུས་རྒྱུན་བཀོལ་བཞིན་པའི་ལག་པ་དེའི་སེན་མོ་སྐྱེ་པ་ཆེས་མྱུར། 

༼༨ སྐྲའི་ཁ་མདོག་གིས་སྐྲ་རྫོང་མཐུག་ཚད་མཚོན། བ་སྤུའི་བུ་གའི་ཕྲ་ཕུང་རེ་རེ་ལས་སྐྲ་ཉག་ཉི་ཤུ་སྐྱེས་ནུས་པས། ཆ་སྙོམ་ན་སྐྲ་སེར་པོའི་མིར་བ་སྤུའི་བུ་གའི་ཕྲ་ཕུང་ཆིག་འབུམ་བཞི་ཁྲི་ཡོད།  སྐྲ་ནག་པོའི་མིར་ཧ་ལམ་ཆིག་འབུམ་ཆིག་ཁྲི་དང་།  སྐྲ་ནག་སེར་གྱི་མིར་ཆིག་འབུམ།   སྐྲ་དམར་པོའི་མིར་བརྒྱད་ཁྲི་དྲུག་སྟོང་ལྷག་ཡོད།   

༼༩  མིའི་ལུས་ནས་ཆུ་ཚོད་རེར་ཕལ་ཆེར་སྐྱི་པགས་དྲུག་འབུམ་བྲུལ་གྱིན་ཡོད། ལོ་ན་བདུན་ཅུའི་སྔོན་ལ་མི་རེ་རེའི་སྐྱི་པགས་དམ་དུམ་ཕལ་ཆེར་སྤྱི་རྒྱ་༤༧.༦གི་ལྗིད་ཚད་བྲུལ་ལོ། །

༼༡༠  མི་དར་མའི་རུས་པའི་གྲངས་ཚད་ཕྲུ་གུ་དམར་འབྱར་ལས་ཉུང་ཞིང་།  མི་དར་དུས་སུ་རུས་ལྷུ་༣༥༠ མཆིས་ཤིང་ན་ཚོད་ཇེ་མཐོར་སོང་བར་བསྟུན་རུས་ལྷུ་འགའ་ཤས་ཕན་ཚུན་གཅིག་ཏུ་གྲུབ་ནས་མཐའ་མཇུག་༢༠༦ ལྷག་ལས་མེད་དོ། །

༼༡༡ མིའི་ལུས་པོའི་སྟེང་གི་ལི་སྨི་གྲུ་བཞི་མ་རེར་ཕྲ་ཕུང་ཁྲི་༤༩༦ལྷག་འབྱར་ཡོད།  ཡིན་ནའང་གནས་ཚུལ་ཡག་ཤས་ལ་དེ་ལས་མང་ཆེ་བ་གནོད་མེད་འབུ་ཕྲ་ཡིན་ནོ། །

༼༡༢ མིའི་ཕོ་བའི་རྩི་པགས་ཉིན་གསུམ་བཞིའི་མཚམས་སུ་ཐེངས་རེ་རྗེ་བཞིན་འདུག་ལ །  དེ་ལྟར་མིན་ཚེ་ཕོ་བའི་ཆུ་སྐྱུར་གྱིས་འཇུ་བར་བྱེད་ངེས་སོ། །

༼༡༣ མིའི་སྣ་ཁུང་ནི་ཁྱི་ཡི་སྣ་ཁུང་གི་ཚོར་བ་རྣོན་པོ་དང་སྡུར་ཐབས་བྲལ་ཡང་དྲི་མ་སྣ་ལྔ་ཁྲི་ཙམ་འཛིན་ནུས་སོ། །


                                                                        —《科学探索》༼ཚན་རིག་འཚོལ་ཞིབ༽་ལས་བཤུས་ཏེ་བསྒྱུར་ཏོ། །


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2016-10-04 ལྟ་ཀློག (4883)