ཤེས་རིག་གླིང་གི་འགྲན་ཞུགས་སློབ་མར་བྱ་དགའ་ཐོབ་པ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འགྲན་ཞུགས་སློབ་མར་བྱ་དགའ་ཐོབ་པ།

     ༢༠༡༦ལོའི་སྤྱི་ཟླ་༩ བའི་ཚེས་༢༣ཉིན་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བུ་ཁ་ཤས་རྨ་ཆེན་རྫོང་གིས་ལོ་རེ་བཞིན་སྤེལ་གྱིན་པའི་༼ཅོ་ཀའི་དྲུག་འགྱུར་གསེར་བུམ་རྟགས་མའི་བསླབ་བཞི་སྦྱོང་སྤྱོད་འགྲན་སྡུར་༽ལ་ཞུགས་ནས་༼ཉམས་མྱོང་ནི་ཆེས་བཟང་བའི་དགེ་རྒན་ཡིན། Experience Is the Best Teacher. 经验是最好的老师。༽ཞེས་པའི་དབྱིན་སྐད་ཀྱི་གར་ཆུང་ཞིག་འཁྲབ་སྟོན་བྱས་པར་དེར་འདུས་དགེ་སློབ་ཡོངས་ཀྱི་དགའ་བསུ་ཚད་མེད་ཐོབ་ཅིང་རྫོང་ཡོངས་ཀྱི་དམའ་འབྲིང་རིམ་པའི་དབྱིན་སྐད་འཁྲབ་སྟོན་གྱི་བྱ་དགའ་ཨང་དང་བོ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འགྲན་ཞུགས་སློབ་མར་ཐོབ། འདི་ནི་ཁོ་ཚོས་དཀའ་སྡུག་གི་ཀློང་ནས་འབད་བརྩོན་བྱས་པའི་གྲུབ་འབྲས་ཐེངས་ཤིག་ཏུ་ངོས་འཛིན་གནང་ཆོག

འགྲན་ཞུགས་ཁྲོད་བྱ་དགའ་ཐོབ་པའི་དགེ་སློབ་མཉམ་པར།

ཉམས་མྱོང་ནི་ཆེས་བཟང་བའི་དགེ་རྒན་ཡིན།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-09-24 ལྟ་ཀློག (3844)