ཤེས་རིག་སློབ་གླིང་གི་དགེ་རྒན་རྣམ་གསུམ་གཅིག་སྒྲིལ་ཁང་སར་ཇོ་ནང་དགོན་སོགས་སུ་ཕེབས་པ།

     གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྣམ་གསུམ་གཅིག་སྒྲིལ་ཇོ་ནང་དགོན་སོགས་སུ་ཕེབས་པ།

     ༢༠༡༦ ལོའི་སྤྱི་ཟླ་༩་པའི་ཚེས་༡ ཉིན། གངས་ཅན་བོད་པའི་ཆོས་སྲིད་རིག་གནས་ལ་མཛད་རྗེས་བླ་ན་མཐོ་བའི་རྭ་རྒྱ་འཇིགས་མེད་རྒྱལ་མཚན་དང་།  བཛྲ་ཚུལ་ཁྲིམས་རྒྱ་མཚོ།   ལྡོང་ཡོན་ཏན་རྒྱ་མཚོ་རྣམ་པ་གསུམ་པོ་དུས་གཅིག་ལ་ཁང་སར་ཇོ་ནང་དགོན་དུ་གདན་འདྲེན་ཞུས་པ་བཞིན་བྱོན།   ཁང་སར་སྟག་ལུང་དགོན་པ་དང་།  ཁང་སར་གསར་དགོན་གྱི་བླ་མ་ལས་སྣེ་རྣམས་དང་།  ཨ་སྐྱོང་ཁང་སར་སྡེ་བའི་འགོ་ཁྲིད་རྣམས་ཀྱིས་ཕེབས་བསུ་ཞུས།   ཁོང་རྣམ་པས་ཚོགས་ཆེན་འདུ་ཁང་དུ་གལ་ཆེའི་བཀའ་སློབ་གནང་ཞིང་།  བླ་མ་གྲྭ་ཚང་གིས་གནས་བརྟན་ཕྱག་མཆོད་གསུངས་ཏེ།   སྐུ་གསུང་ཐུགས་རྟེན་སོགས་རྟེན་འབྲེལ་གྱི་རྫས་རྣམས་ཕུལ།  མཇུག་ཏུ་བསྟན་འབར་མ་གསུངས་ཏེ་བཀྲ་ཤིས་རྟེན་འབྲེལ་གྱི་སྨོན་ཚིག་གིས་མཐའ་བརྒྱན་པ་ལགས་སོ།  །

ཁང་སར་ཇོ་ནང་དགོན་གྱི་བླ་མ་ལས་སྣེ་རྣམས་ཀྱིས་དགེ་རྒན་རྣམས་ལ་ཕེབས་བསུ་མཛད་བཞིན་པ།

ཁང་སར་ཇོ་ནང་དགོན་པའི་དགེ་འདུན་པ་རྣམས་དང་ཨ་སྐྱོང་ཁང་སར་སྡེ་བའི་འགོ་ཁྲིད་རྣམས་ཀྱིས་ཕེབས་བསུ་ཞུས་པ།

དགོན་པའི་བླ་སྤྲུལ་དང་དགེ་རྒན་རྣམས་ཀྱི་མཉམ་པར།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་རྣམ་གསུམ་ཁང་སར་གསར་དགོན་དུ་ཕེབས་པ།

དགེ་རྒན་རྣམས་ཀྱིས་བཀའ་སློབ་ལམ་སྟོན་གནང་བཞིན་པ།

ཁང་སར་གསར་དགོན་གྱི་དགོན་བདག་གིས་དགེ་རྒན་རྣམས་ལ་ལྷ་དར་འཐེན་པ།

གསར་འགྱུར་མཁོ་སྤྲོད་པ།  བསམ་པ་ལྷུན་འགྲུབ།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-09-02 ལྟ་ཀློག (4691)