བསང་ཆུ་རྫོང་དུ་བོད་ཀྱི་སྲོལ་རྒྱུན་ཐང་ག་འབྲི་ལུགས་ཐད་ཀྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།

བསང་ཆུ་རྫོང་དུ་བོད་ཀྱི་སྲོལ་རྒྱུན་ཐང་ག་འབྲི་ལུགས་ཐད་ཀྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།

    ༢༠༡༦ ལོའི་སྤྱི་ཟླ་༢༦ནས་༢༧ བར་གྱི་ཉིན་གཉིས་ཀྱི་རིང་། བསང་ཆུ་རྫོང་བོད་ལུགས་རི་མོའི་སྒྱུ་ཚད་ཡོད་འགན་ལེན་མཐུན་གཉེར་ཁང་གིས་གཙོ་སྒྲུབ་འོག་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཟློས་གར་ཁང་དུ་བོད་ཀྱི་ཐང་གའི་སྒྱུ་རྩལ་ཆེད་མཁས་པ་དང་ལྷ་རིས་མང་བོ་གདན་དྲངས་དེ་བསང་ཆུ་རྫོང་གི་སྐབས་དང་བོའི་བོད་སྲོལ་རྒྱུན་ཐང་ག་འབྲི་ལུགས་ཐད་ཀྱི་གསོ་སྐྱོང་བགྲོ་གླེང་ཚོགས་འདུ་སྐབས་དང་བོ་བསྡུས་ཤིང་།  ཚོགས་ཐོག་ཏུ་བོད་ཀྱི་ལྷ་རིས་པ་གྲགས་ཅན་རྒན་བསྟན་པ་རབ་བརྟན་དང་། ཀུན་འདུས་ཞལ་ཐང་ཆེན་མོའི་ཇུས་འགོད་པ་དང་གཙོ་སྒྲུབ་པ་བརྩོན་འགྲུས་རབ་རྒྱས། ཀརྨ་སྒར་བྲིས་ལུགས་ཀྱི་རྒྱུན་འཛིན་པ་རྒན་བསྟན་དགའ། རེབ་གོང་ལྷ་རིས་པ་གྲགས་ཅན་བཀྲ་ཤིས་རྒྱ་མཚོ།  གོས་ལུགས་ཐང་གའི་རྒྱུན་འཛིན་པ་རྔ་བའི་ཐུབ་ཁོ། ནུབ་ཕྱོགས་རི་མོ་བ་གྲགས་ཅན་བསྟན་འཛིན་སྒྲོལ་མ་སོགས་ལྷ་རིས་སྒྱུ་རྩལ་བ་དང་ཆེས་ལས་མཁས་པ་མང་བོས་བོད་ཀྱི་སྲོལ་རྒྱུན་ཐང་གའི་འབྲི་ལུགས་ཐད་ཀྱི་དགེ་མཚན་དང་མ་འོངས་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་གསུང་བཤད་མང་དུ་གནང་བར་མ་ཟད། ཐང་ག་འབྲི་བཞེངས་སྐབས་ཀྱི་སྔོན་འགྲོའི་རས་གཞི་བརྡར་སྟངས་དང་ཐིགས་འདེབས་སྟངས། མཚོན་གཏོང་ལུགས ། བཅད་རྒྱག་སྟངས་སོགས་རེ་རེ་བཞིན་སྒོ་སུམ་སྟེང་བྲིས་ཏེ་ལག་ལེན་དངོས་སུ་བཏབ་ནས་ཞིབ་ཁྲིད་གནང་བ་དང་། ཚོགས་ཞུགས་མི་སྣའི་ཁྲོད་རང་ཉིད་ལ་དོགས་གཞི་ཡོད་པའི་དྲི་བ་སྣ་ཚོགས་ཡིག་ཐོག་ཏུ་ཕུལ་བར་རེ་རེ་བཞིན་ལན་གསལ་ཞིང་གསལ་བར་གནང་བ་སོགས་ཐེངས་འདིའི་ཚོགས་འདུ་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུས་པ་རེད།

བོད་ཀྱི་ལྷ་རིས་པ་གྲགས་ཅན་རྒན་བསྟན་པ་རབ་བརྟན་ལགས་ཀྱིས་ཐང་གའི་འབྲི་ལུགས་ཐད་ཀྱི་འཆད་ཁྲིད་གནང་བ།

ཀུན་འདུས་ཞལ་ཐང་ཆེན་མོའི་ཇུས་འགོད་པ་བརྩོ་ན་འགྲུས་རབ་རྒྱས་ལགས་ཀྱིས་ལྷ་རིས་པ་ཞིག་ལ་མཚོན་ན་ལོ་རྒྱུས་དང་གཞུང་ལུགས་གལ་ཆེ་ཚུལ་སྐོར་གྱི་འཆད་འཁྲིད་གནང་བཞིན་པ།

རེབ་གོང་ལྷ་རིས་པ་གྲགས་ཅན་བཀྲ་ཤིས་རྒྱ་མཚོས་སྲོལ་རྒྱུན་ཐང་ག་འབྲི་ལུགས་ཐད་ཀྱི་གལ་ཆེན་རང་བཞིན་སྐོར་གླེང་བ།

ཀརྨ་སྒར་བྲིས་ལུགས་ཀྱི་རྒྱུན་འཛིན་པ་རྒན་བསྟན་དགའ་ལགས་ཀྱིས་ལུགས་སོ་སོའི་བྲིས་རྒྱུན་གཙོ་བོར་འཛིན་དགོས་པ་དང་ལུགས་ཕན་ཚུན་བར་རྒྱུས་ལོན་དང་མཐུན་སྒྲིལ་གལ་ཆེ་ཚུལ་གྱི་འཆད་ཁྲིད་གནང་བ།

གོས་ལུགས་རྒྱུན་འཛིན་པ་རྔ་བའི་ཐུབ་ཁོ་ལགས་ཀྱི་ལྷ་རིས་པ་སོ་སོའི་ལུགས་ཀྱི་མཐུན་ལམ་དང་ཐུན་མིན་གྱི་ཁྱད་ཆོས་སྐོར་གྱི་འཆད་ཁྲིད་གནང་བཞིན་པ།

རི་མོ་གྲགས་ཅན་བསྟན་འཛིན་སྒྲོལ་མས་ནུབ་ཕྱོགས་རི་མོ་དང་བོད་ཀྱི་སྲོལ་རྒྱུན་རི་མོའི་ཁྱད་པར་གླེང་བ།

ཆེད་ཞུས་དགེ་རྒན་རྣམས་ལ་བཀའ་དྲིན་ཞུ་མཚོན་གྱི་ལེགས་སྐྱེས་ཕུལ་བ།

ཐེངས་འདིའི་གཙོ་སྒྲུབ་པ་ཆོས་འབྱོར་ལགས་ཀྱིས་ཚོགས་འདུའི་མཇུག་བསྡུ་བཞིན་པ།

ཆེད་མཁས་པས་བོད་ལུགས་རི་མོའི་སྒྱུ་རྩལ་ཚད་ཡོད་མཐུན་གཉེར་ཁང་དུ་གཟིགས་ཞིབ་གནང་བ།

ཚོགས་ཞུགས་མི་སྣ་ཡོངས་ཀྱིས་མཉམ་གཅིག་ཏུ་དྲན་རྟེན་འདྲ་པར་བསྐྱོན་པ།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-08-31 ལྟ་ཀློག (4766)