འཛམ་གླིང་གི་དཀའ་སྡུག་ཆེ་བའི་སློབ་གྲྭར་འགྲོ་ལམ།

འཛམ་གླིང་གི་དཀའ་སྡུག་ཆེ་བའི་སློབ་གྲྭར་འགྲོ་ལམ།

        2016/08/28    20:07:46


      གཞུང་ལམ་བརྒྱུད་དེ་སློབ་གྲྭར་བསྐྱོད་པ་ནི་སློབ་བུ་མང་ཆེ་བས་ཉིན་རྒྱུན་གྱི་བྱ་བ་ཡིན་ལ། ཕར་བལྟས་ན་དེ་ནི་སྤྱིར་བཏང་གི་ལས་ཀ་ཞིག་ལས་མ་འདས་མོད། འོན་ཀྱང་འཛམ་གླིང་འདིའི་དམིགས་བསལ་གྱི་ས་ཁུལ་ཁ་ཤས་སུ་བར་ཆད་མ་བྱུང་བར་བདེ་འཇགས་ངང་སློབ་གྲྭར་སླེབས་ཐུབ་པ་ནི་ཆེས་ཆེ་བའི་རེ་བ་ཡིན། གོང་གི་པར་འདི་ནི་ཧིན་དྷི་ནེ་ཞེ་ཡའི་ལི་པ་ཁི་རེད།


      དེ་ཡང་ཀྲུང་གོ་ལྷོ་ནུབ་དང་ཧིན་དྷི་ནེ་ཞེ་ཡ། ཧྥི་ལི་པིན་སོགས་ས་ཆ་ཁ་ཤས་སུ། རྔམ་བརྗིད་ཀྱི་རི་རྩེ་དང་གཡང་གཟར། ཕྱོགས་བཞིར་གཙང་བོ་ཆལ་ཆིལ་དུ་འབབ་པའི་ས་ཁུལ་དག་ཏུ་གཞུང་ལམ་བསྐྲུན་རྒྱུ་ནི་ཆེས་དཀའ་སྡུག་ཆེ་བའི་ལས་དོན་ཞིག་རེད། དེ་བས་གནས་འདི་དག་ཏུ་འཚོ་གནས་བྱེད་པའི་བྱིས་པ་ཚོ་སློབ་གྲྭར་འགྲོ་འོང་བྱེད་པར་ངེས་ཅན་དུ་ཧ་ཅང་ཉེན་ཁ་ཆེ་བའི་གནས་དག་བརྒྱུད་དགོས་ཏེ། དཔེར་ན་སྐྱི་གཡའ་བར་བྱེད་པའི་གཡང་གཟར་ངོས་ཀྱི་རྐང་ལམ་དང་དྲག་ཏུ་འབབ་པའི་གཙང་བོའི་ངོགས་ཀྱི་ཐག་པར་བརྟེན་ནས་བགྲོད་པ་དང་། ཡང་ན་ཆུར་རྐྱལ་ཏེ་གཙང་བོར་བརྒལ་བ་སོགས་བྱེད་ཀྱི་ཡོད། གོང་གི་པར་རིས་འདི་ནི་རྒྱ་གར་ཧི་མ་ལ་ཡ་རི་རྒྱུད་དུ་ཡོད་པའི་ཀྲ་སི་ཁ་ཡིན།

ཀི་ལོན་པེ་ཡ་ལེ་ཨོ་ནེ་ཀི་ལོ་གཙང་བོ།

སི་རེ་ལན་ཁ།

ཧིན་དྷི་ནེ་ཞེ་ཡའི་ལོ་ནེ།

རྒྱ་གར།

རྒྱ་གར་དྷི་ལི་གསར་བ།

ཧིན་དྷི་ནེ་ཞེ་ཡའི་སོའུ་མིན་ཏ་ལ་གླིང་ཕྲན།

ཧིན་དྷི་ནེ་ཞེ་ཡའི་སོའུ་མིན་ཏ་ལ་གླིང་ཕྲན།

འབར་མ།

ཧིན་རྡུ་ནེ་ཞེ་ཡ།

ཧྥེ་ལེ་པིན་ལེ་ཁྲ་མངའ་སྡེ།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-08-29 ལྟ་ཀློག (5313)