འཇིགས་ཤིང་སྐྱི་གཡའ་བར་བྱེད་པའི་སྲང་ལམ།

འཇིགས་ཤིང་སྐྱི་གཡའ་བར་བྱེད་པའི་སྲང་ལམ།

       2016/08/23             07:46:05

དབྱིན་ཇིའི་སྲང་མདོའི་ས་སྨྱུག་སྒྱུ་རྩལ་བJulian Beever ནི་ས་སྒང་འདིར་མིང་དུ་གྲགས་པའི་ལམ་ངོས་འགྲེང་གཟུགས་རི་མོ་བ་ཞིག་ཡིན།

ལྟ་ཕྱོགས་ལ་ལ་ནས་བལྟས་ན། ཁོ་རང་གི་སྒྱུ་རྩལ་བརྩམས་ཆོས་ཀྱིས་འཇིགས་ཤིང་དངངས་པར་བྱེད་པ་ཡིན་ཏེ། རྒྱུ་མཚན་ནི་སྒྱུ་རྩལ་བ་ཁོང་གིས་གཏིང་མཐའ་མི་མངོན་པའི་དོང་རིང་དང་འདྲ་བ་རེ་བྲིས་ཡོད་པ་དང་། ཁྱེད་ཉིད་གཟབ་གཟབ་མ་བྱས་པ་ཡིན་ན་གཡང་ལ་ལྷུང་ནས་འཆི་སྲིད་སྙམ་པ་ལྟ་བུ་བྱེད་པ་རེད།

ཁོ་རང་གིས་སྲང་ལམ་དུ་ཁྱེད་ཀྱི་མིག་དབང་ལ་འཁྲུལ་ཤེས་སྦྱིན་པའི་འགྲེང་གཟུགས་ཀྱི་སྣང་ཚུལ་མངོན་པར་བྱེད་ཐུབ།

རྒྱུ་མཚན་ནི་མི་དག་ཧང་སངས་ཤིང་ངོ་མཚར་བར་བྱེད་པའི་ཁོང་གི་ལམ་ངོས་ཀྱི་རི་མོའི་བརྩམས་ཆོས་དེ་དག་གིས། མི་མང་བོ་ཞིག་ཁོང་ལ་སྲང་ལམ་གྱི་བྷེ་ཀ་སོ་ཞེས་པའི་མིང་འདོགས་བྱས་ཡོད། ཡིད་ཆེས་གནང་དང་། ཁོ་རང་དེ་འདྲའི་མིང་དུ་གྲགས་པ་ནི་ཕྱི་རྫིག་ནང་སྟོང་ཞིག་ག་ལ་ཡིན།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ།  གསར་འགོད་པ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-08-29 ལྟ་ཀློག (4795)