འབུར་གཟུགས་རང་བཞིན་གྱི་རི་མོའི་སྒྱུ་རྩལ།

དེང་རབས་རི་མོའི་སྒྱུ་རྩལ།

     གསེར་ལྡན་རྒྱལ་ཁབ་གྱི་པ་ཐྲེ་ཡ་གྲོང་ཁྱེར་དུ་ཡོད་པའི་རི་མོའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ཁང་དུ་འཛམ་གླིང་རི་མོ་བ་གྲགས་ཅན་གྱིས་བྲིས་པའི་འབུར་གཟུགས་རང་བཞིན་ཅན་གྱི་རི་མོ་སྣ་ཚོགས་འགྲེམས་སྟོན་ཁང་ཆེན་མོའི་གྱང་ལྡེབས་ངོས་སུ་བྲིས་ཡོད། རྒྱལ་ཁབ་སོ་སོ་ནས་ཐོན་པའི་ཡུལ་སྐོར་ལྗོངས་རྒྱུ་བ་སྟོང་ཕྲག་མང་བོས་འགྲེམས་སྟོན་ཁང་དུ་རི་མོའི་སྒྱུ་རྩལ་སྣ་ཚོགས་ལ་རོལ་མྱོང་བྱེད་བཞིན་ཡོད་པར་མ་ཟད།   ངོ་མཚར་རྨད་དུ་བྱུང་བའི་རི་མོའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་ལ།  ལྟ་སྐོར་བ་མང་བོས་སྒྱུ་རྩལ་བརྕམས་ཆོས་དང་མཉམ་དུ་འདྲ་པར་བསྐྱོན་པ་སོགས་རང་མོས་སྒོས་རི་མོའི་སྒྱུ་རྩལ་ལོངས་སུ་སྤྱོད་བཞིན་པའི་སྐབས་དང་བསྟུན་ཏེ་ངེད་མེ་ལོང་རྩོམ་སྒྲིག་པ་ཟུང་གིས་ཀྱང་འགྲེམས་སྟོན་ཁང་དེ་གའི་ལས་འཛིན་པར་བོད་ཀྱི་རི་མོའི་ལོ་དེབ་ཐོག་མ་མེ་ལོང་སྤྱན་འབུལ་དང་ངོ་སྤྲོད་གནང་བ་བརྒྱུད་འགྲེམས་སྟོན་ཁང་དེའི་ནང་དུ་མེ་ལོང་དཔེ་དེབ་གསུམ་འཇོག་ཐུབ་པའི་གོ་སྐབས་བཟང་བོ་ཐོབ་པ་དང་།  འགྲེམས་སྟོན་ཁང་གི་ནང་དུ་ཡོད་པའི་གནའ་དེང་རི་མོའི་སྒྱུ་རྩལ་གྱི་ཁྱད་པར་ལ་དབྱེ་ཞིབ་དང་རྒྱུས་ལོན་རགས་ཙམ་བྱས་རྗེས།  ལྡེབས་ངོས་སུ་ཡོད་པའི་རི་མོ་སྐོར་ཞིག་ལ་པར་བླངས་ཏེ་ཁྱེད་ཅག་གཟིགས་མོ་དག་གི་སྤྱན་ལམ་དུ་བསྟར་བ་ཡིན་མོད། བརྩམས་ཆོས་ཀྱི་མིང་དང་རྩོམ་པ་བོའི་མིང་མི་གསལ་བས་འདིར་བརྩམས་ཆོས་ངོས་འཛིན་བདེ་བའི་ཆེད་དུ་མིང་གསར་དུ་བཏགས་པ་ཡིན་པས་ཀུན་གྱི་ཐུགས་འདུན་དང་འཚམས་པར་སྨོན།

རྒྱ་སྟག་ཁྲོས་པའི་ངར་སྒྲ།

བ་ཕྱུགས་ཀྱི་འཚོ་བ།

རྔོན་པས་བཏུས་པའི་ཤྭ་བ།

རྨི་ལམ་དང་རེ་བ།

རེ་སྒུག་དང་ཕྱིར་མིག

བྱ་གག་དང་བྱིས་པའི་འཚོ་བ།

ཆར་གདུགས་འོག་གི་ལམ་འགྲོ་བ།

འཚོ་བའི་ཕྱི་ནང་།

ལམ་ལ་ཆས་པའི་དམག་མི།

བརྩེ་བས་འཁྱུད་པ།

རླབས་ཀྱིས་དེད་པའི་འཇིག་རྟེན།

བཟི་ཁ་མངར་མོ།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-08-18 ལྟ་ཀློག (7470)