རྭ་རྒྱའི་བཀའ་འགྱུར་བསྐྱར་བཞེངས་ཁྲོད་ལས་མི་འཚོལ་བརྡ།

ལས་མི་འཚོལ་བརྡ།


        རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམ་པ་ལགས།   ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་རྭ་རྒྱའི་བཀའ་འགྱུར་བསྐྱར་བཞེངས་ནང་དུ་ལས་མི་སྐྱེས་པ་གཅིག་དང་བུད་མེད་གཉིས་འཚོལ་བཞིན་ཡོད་པས་མོས་པ་ཡོད་མཁན་ཚོས་འབྲེལ་གཏུགས་བྱ་རོགས། རྭ་རྒྱའི་བཀའ་འགྱུར་ལས་སྒྲུབ་ཁང་གི་སྡོད་གནས་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ཡིན།   བཞུགས་ཤག་དང་ཟ་མ་ཆ་ཚང་ལས་སྒྲུབ་ཁང་གིས་འགན་ལེན་པར་མ་ཟད་ཟླ་ཕོགས་སོགས་ལས་ཀའི་འགྲོ་ལུགས་བཞིན་འཕར་སྣོན་བྱ་བཞིན་ཡོད།

ཆ་རྐྱེན།
    ༡   བོད་ཡིག་ཤེས་དགོས་པ་དང་གློག་ཀླད་རྨང་གཞི་ཡོད་དགོས།
    ༢   ལོ་གཅིག་ལ་གཏན་འཁེལ་གྱིས་འདུག་དགོས།
   ༣   ལས་སྒྲུབ་ཁང་གི་སྒྲིག་ལམ་བརྩི་དགོས།
   ༤   རང་ཉིད་ཀྱི་ཐོབ་དཔང་དང་ངོ་སྤྲོད་ཡི་གེ་དགོས།

འབྲེལ་གཏུག་བྱ་ཡུལ།

ཁཱ་ཤེས་རབ་རྒྱ་མཚོ།


15283703999
18011261777

18719510777
ཀརྨ་ཚེ་རིང་།
18280000998


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-08-03 ལྟ་ཀློག (5759)