ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་གསར་དུ་དབུ་བརྙེས་པ།

ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་གསར་དུ་དབུ་བརྙེས་པ།

སྤྱི་ལོ་༢༠༡༦ལོའི་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན། ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་གསར་དུ་དབུ་བརྙེས་ཤིང་། ༧བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་ཀན་ལྷོ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞིར་གདན་འདྲེན་བྱས་ཡོད། ཚོགས་འདུ་སྐབས་དང་བོ་ཁུལ་མི་དམངས་སྲིད་གཞུང་གི་ཉིས་ཐོག་ཚོམས་ཆེན་ནས་འཚོགས།  ཚོགས་སྟེང་དུ་ཀན་ལྷོ་ཁུལ་ཨུའུ་རྒྱུན་ཨུ་ཁུལ་དྲིལ་བསྒྲགས་པུའུ་པུའུ་ཀྲང་བཀྲ་ཤིས་མཚོ། ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བང་ཡུན་ཅུའུ། རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཏེན་ཡིས་ཕུན། ཀན་སུའུ་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པའམ་སློབ་དཔོན་ཆེན་མོ་རྡོར་ཕྲུག་དང་སློབ་གཙོ་གཞོན་པ་མོའི་ཅུའུ་ཞིན། སློབ་དཔོན་ཆེན་མོ་ལྷ་རྒྱལ་ཚེ་རིང་། ཀན་ལྷོའི་ཟླ་ཟེར་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཕྱག་རྡོར་ཚེ་རིང་། གུ་དྲག  མགོན་པོ་དབང་རྒྱལ། གདུགས་དཀར་སྐྱབས་སོགས་ཞུགས་མོལ་ཚོགས་འདུར་ཞུགས་ཤིང་། ཕྱག་རྡོར་ཚེ་རིང་གིས་ཚོགས་འདུར་འགོ་འཛིན་མཛད།  ཚོགས་བཞུགས་མི་སྣ་༧༩ཡོད། ཐེངས་འདིར་བརྩམས་ཆོས་༨༧འབྱོར་ཡོད། ཡིག་རིགས་སྣ་ཁ་༡༥ལྷག་འདུས་ཡོད། ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་རྡོར་ཕྲུག་དང་བོད་ཀྱི་སྙན་ངག་པ་ལྷ་རྒྱལ་ཚེ་རིང་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་རྒན་ཟམ་ཚ་ཚེ་རིང་དོན་གྲུབ་སོགས་ཀྱིས་བོད་ཀྱི་ཡིག་གཟུགས་མ་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐད་ལ་གསུང་བཤད་གནད་དུ་ཁེལ་བ་གནང་བ་དང་། ཀན་སུའུ་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོའམ་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་སངས་རྒྱས་བཀྲ་ཤིས་ཀྱིས་ཚོགས་པའི་དགེ་མཚན་དང་མ་འོངས་པའི་བྱ་བཞག་ཐད་གཏམ་བཤད་གྱ་ནོམ་པ་བསྩལ་ཏེ་ཚོགས་འདུའི་མཇུག་བསྡུས།

ཁུལ་ཡོངས་ཀྱི་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་སྐབས་དང་བོ།

ཡིག་གཟུགས་འགྲེམས་སྟོན་སྟེང་ཆེད་མཁས་མི་སྣས་གཏམ་བཤད་གནང་བ།

ཚོགས་རའི་ཟུར་ངོས།

ཡིག་གཟུགས་འགྲེམས་སྟོན་ཁང་།

ཡིག་གཟུགས་བཀྲ་ཤིས་བདེ་ལེགས་འགྲེམས་སྟོན་བྱས་པ།

བོད་ཀྱི་ཡིག་གཟུགས་ཁྲི་ལོར་ཤོག

རྩོམ་ཁུངས།  ཨ་མྱེས་གཉན་ཆེན་རིག་གནས་འཕྲིན་སྟེགས་ལས་བཤུས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-07-31 ལྟ་ཀློག (2930)