ཀུན་མཐུན་ཚོགས་པས་ཁོར་ཡུག་སྲུང་སྐྱོབ་གྱི་བྱ་འགུལ་སྤེལ་བ།

ཀུན་མཐུན་ཚོགས་པས་ཁོར་ཡུག་སྲུང་སྐྱོབ་གྱི་བྱ་འགུལ་སྤེལ་བ།

  ཚོགས་པ་འདི་ནི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་སྦགས་ཙོག་ལ་འགྲོ་བཞིན་པའི་རྣམ་པ་འདི་ཅུང་ཙམ་སྔོན་འགོག་དང་ཇེ་ལེགས་གཏོང་ཆེད་གྲྭ་བཙུན་འགའ་དང་འབྲོག་ཕྲུག་དཀྱུས་མ་སྐོར་ཞིག་གིས་༢༠༡༢ལོའི་སྤྱི་ཟླ་༣ཚེས༡༤ཉིན་རྩ་འཛུགས་བྱས་ཤིང་།དུས་དེ་ནས་བཟུང་ཁོ་ཚོས་མཐུན་སྒྲིལ་གྱི་དཔུང་བ་མཉམ་གཤིབ་བྱས་ཏེ་དམིགས་ཡུལ་དང་

ཁ་ཕྱོགས་གཅིག་་ཏུ་བཟུང་ནས་ཁོར་སྲུང་གི་ལས་ཀར་ཆོད་སེམས་བརྟན་པོའི་ངང་འཇུས།      གཙོ་བོ་འགྲིམ་འགྲུལ་སྟབས་བདེ་མིན་པའི་རི་གྲོང་ཏུ་སོང་ནས་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབས་ཐད་ཀྱི་སློབ་གསོ་སྤྲད་ཞིང་།    ཁོར་སྲུང་ཀྱི་ལས་ཀ་བསྒྲུབ་ཞིང་གད་སྙིགས་ཁལ་མར་བཀལ་ནས་སྤྱི་ལེ་བཅུ་ལྷག་གྱི་ལམ་ཡོད་སའི་ས་ཆར་བསྐྱལ་བ་ཡིན་ཞིང་རླངས་འཁོར་དང་འཕྲུལ་རྟ་སོགས་ཀྱི་དྲུད་ཏེ་གད་སྙིགས་བསྟུ་གཉེར་ས་ཚིགས་ལ་དྲུད།    ད་ལྟའི་ད་བར་ཏུ་ཁོར་སྲུང་གི་བྱ་འགུལ་ཐེངས་བཅུ་བཞི་ལྷག་སྤེལ།     ཞོར་ཏུ།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་རྭ་རྒྱ་བོད་ཡིག་སློབ་འབྲིང་གཉིས་ནས་རྩོམ་རིག་འགྲན་སྡུར་ཐེངས་གསུམ་ལ་སྤེལ།    ད་དུང་རང་ནུས་ཅི་ལྕོགས་ཀྱི་རྭ་རྒྱ་གྲོང་རྡལ་དང་རྒྱ་བཟའ་སྡེ་བ་སོགས་ནས་རྨོངས་སེལ་བྱ་འགུལ་ཐ་སྙད་འགྲན་སྡུར་ཐེངས་གསུམ་ལ་སྤེལ།      རྔམ་མཐུག་པའི་སྲོལ་རྒྱུན་གྲུབ་ཆའི་ཁྲོད་ཀྱི་གཡག་ལ་ཁལ་འགེལ་སྟེང་རྟ་ལ་སྒ་སྟོད་པ་སོགས་དམངས་སྲོལ་བྱ་འགུལ་སྤེལ།

རི་གྲོང་དུ་ཁོར་སྲུང་སྐྱོབ་ཆེད་ཆས་བཞིན་པ།

མཐོ་སྒང་གི་གད་སྙིགས་འཐུ་བར་ཆོས་བཞིན་པ།

གད་སྙིགས་བཏུས་རྗེས་གཡག་ལ་བཀལ་ཏེ་རི་ཞོལ་བབས་པ།

མཐོ་སྒང་གི་གད་སྙིགས་རི་ཞོལ་དུ་སྐྱེལ་བ།

རི་ཞོལ་ཏུ་སྐྱལ་བའི་གད་སྙིགས་རྣམས་འཕྲུལ་རྟ་ལས་སྐྱེལ་འགོ་རྩོམ་པ།

ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན་ཟེར།

མཐོ་སྒང་གི་གད་སྙིགས་རྣམས་ཡང་བསྐྱར་རླངས་ལས་འདྲུད་བཞིན་པ།

གསར་འགྱུར་མཁོ་སྤྲོད་པ།  སྐབས་ལྔ་བའི་མཐར་ཕྱིན་སློབ་མ་དཀོན་མཆོག་བཟང་བོ།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-07-31 ལྟ་ཀློག (4330)