རི་མོར་བྲིས་པ་ལྟ་བུའི་ཉི་ཧོང་གི་ཆར་དུས་ཀྱི་རྣམ་པ།

རི་མོར་བྲིས་པ་ལྟ་བུའི་ཉི་ཧོང་གི་ཆར་དུས་ཀྱི་རྣམ་པ།        

         2016-07-06    18:24:00

Boredpandaནས་སྤེལ་བ་ལྟར་ན། ཉི་ཧོང་གི་པར་ལེན་སྒྱུ་རྩལ་བHidenobuSuzukiནས་ཉི་ཧོང་གི་ཆར་དུས་ཀྱི་མཛེས་ལྗོངས་ཁག་ཅིག་པར་དུ་བསྒྲོན་ཡོད། ཁོ་རང་གིས་བསྟན་དོན། ཆར་དུས་ཀྱི་མཛེས་ལྗོངས་ནི་དུས་ཚིགས་འདིའི་ཆེས་མཛེས་སྡུག་ལྡན་པའི་གྲུབ་ཆ་ཡིན་པ་དང་། རང་ཉིད་ཀྱི་ཚོར་འདུ་རྣལ་མ་པར་རིས་ཀྱི་སྣང་ཚུལ་འདི་དག་ཁྲོད་མངོན་ཐུབ་པར་སྨོན་ཟེར།

HidenobuSuzukiཉི་ཧོང་གི་པར་ལེན་སྒྱུ་རྩལ་བ།ཁོ་རང་གིས་པར་དུ་བཀོད་པའི་ཡུལ་ལྗོངས་དག་ནི་ཉི་ཧོང་གི་རི་མོའི་སྒྱུ་རྩལ་དང་འདྲ་བར་འཆར་ཡན་དང་མཛེས་སྡུག་གིས་ཁེངས་ཡོད།ཁོས་བཤད་དོན།"ངས་བསམ་ན་ནུབ་ཕྱོགས་ཀྱི་ཡུལ་ལྗོངས་པར་དུ་སྒྲོན་པ་ནི་དངོས་ཡོད་རིང་ལུགས་ཀྱི་རྣམ་པ་དང་བར་ཐག་ཉེ་ཞིང་། ཡང་ཉི་ཧོང་བ་རྣམས་ཀྱིས་ཡུལ་ལྗོངས་ཀྱི་བཀོད་པ་པར་དུ་བསྒྲོན་ཏེ་རང་ཉིད་ཀྱི་སེམས་ཁམས་དང་ཚོར་འདུ་མཚོན་པར་བྱེད་པར་དགའ་མོས་བྱེད་པ་རེད།དཔེར་ན་དེང་དུས་ཀྱི་ཟློས་གར་དང་འདྲ་བར།སྒྱུ་རྩལ་དང་རོལ་དབྱངས་ཀྱིས་མིའི་ཀླད་ཆེན་ལ་སྒུལ་སྐྱོམ་ཐེབས་ཐུབ་པ་ནང་བཞིན་པར་རིས་ཀྱིས་ཀྱང་མི་རྣམས་ལ་དམིགས་བསལ་གྱི་ཚོར་སྣང་མི་འདྲ་བ་རེ་སྦྱིན་ཐུབ།"


   དུངས་བརྗོད་སྒྱུ་རྩལ་གྱིས་མིའི་སེམས་ཁམས་སྙོམ་སྒྲིག་བྱེད་ཐུབ་པ་དང་སྤྱི་ཚོགས་འཆམ་མཐུན་གྱི་ལམ་དུ་བསྐྱོད་པར་རམ་འདེགས་བྱེད་ཐུབ། པར་ཆས་ཀྱིས་བསྒྲོན་པའི་ཚོར་འདུ་ནི་གཏན་ཚིགས་རང་བཞིན་གྱི་བསམ་གཞིགས་ཀྱིས་རེ་རེ་བཞིན་དབྱེ་ཞིབ་བྱས་ཏེ། དུངས་སེམས་ཀྱི་སྒོ་ནས་བྱ་བ་སྒྲུབ་པ་དང་སེམས་ཁམས་ཞི་འཇམ་དང་བག་ཡོད་བྱེད་ཐུབ།


   པར་རིས་འདི་ནི་ཆར་དུས་ཀྱི་རྣམ་པ་ཡིན།


   ཆར་དུས་ཀྱི་རྣམ་པ།


   ཆར་དུས་ཀྱི་རྣམ་པ།


   ཆར་དུས་ཀྱི་རྣམ་པ།


   ཆར་དུས་ཀྱི་རྣམ་པ།


   ཆར་དུས་ཀྱི་རྣམ་པ།


   ཆར་དུས་ཀྱི་རྣམ་པ།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ།  གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-07-09 ལྟ་ཀློག (3826)