༢༠༡༦ལོའི་རྩྭ་ཐང་བུ་མོའི་སློབ་གྲྭའི་མཐར་ཕྱིན་མཛད་སྒོ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཞི་བའི་མཐར་ཕྱིན་མཛད་སྒོ།

雪域女子学校第四届初中毕业典礼

     ༢༠༡༦ལོའི་སྤྱི་ཟླ་༦པའི་ཚེས་༢༩ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་ལྷ་རི་ཨ་མྱེ་ཀེ་ཐོའི་འདབས་ཁུལ་དུ་གངས་ལྗོངས་སློབ་གསོ་ལ་གཅིག་ཏུ་གཞོལ་བའི་སེམས་དཔའ་ཆེན་པོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱི་ཐུགས་སྟོབས་ལས་འཁྲུངས་པའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཞི་བའི་མཐར་ཕྱིན་མཛད་སྒོ་བསྡུས།

     ཚོགས་ཐོག་ཏུ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་དང་གདན་ཞུའི་སྐུ་མགྲོན་སོགས་ལས་བྱེད་པ་མང་བོ་མཉམ་ཞུགས་བྱས་ཤིང་།  ད་ལོར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་དམའ་འབྲིང་མཐར་ཕྱིན་སློབ་མ་༧༩ཡོད་ལ་མཐར་ཕྱིན་སློབ་མའི་ཀུན་སྤྱོད་དང་སློབ་ཐོན་རྒྱུགས་འབྲས་ལ་གཡུར་དུ་ཟ་བའི་འབྲས་བཟང་སྨིན་པས།  མཐར་ཕྱིན་མཛད་སྒོར་ཞུགས་པའི་དགེ་རྒན་དང་གདན་ཞུའི་སྐུ་མགྲོན།  ཁྱིམ་བདག་དང་ཉེ་འཁོར་གྱི་ལྟད་མོ་བ་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་འདུག

མཐར་ཕྱིན་མཛད་སྒོའི་མདོ་འཛིན་གྱི་ཡུལ་ངོས།

མཐར་ཕྱིན་མཛད་སྒོའི་ཟུར་ངོས་ཤིག

དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་མཐར་ཕྱིན་སློབ་མ་ཚོར་བྱ་དགའ་གནང་བཞིན་པ།

རིན་ཐང་བྲལ་བའི་དགེ་རྒན་རིན་པོ་ཆེའི་ལེགས་སྐྱེས།

མཐར་ཕྱིན་འཛིན་གྲྭའི་ཁྲིད་སྟོན་དགེ་རྒན་ལ་སློབ་མས་ལེགས་སྐྱེས་ཕུལ་བ།

     རྒྱུས་ལོན་བྱས་པ་ལྟར་ན།  ད་ལོའི་མཐར་ཕྱིན་མཛད་སྒོ་ནི་ལོ་སྔོན་མ་དག་དང་མི་འདྲ་བར་ལོ་ངོ་དགུའི་རིང་ལ་མཐར་ཕྱིན་འཛིན་གྲྭ་གཉིས་ཀྱིས་གཟེངས་རྟགས་བླངས་པ་ཐམས་ཅད་མ་ཡུམ་སློབ་གླིང་ལ་བཅོལ་ཞིང་།  དགེ་སློབ་མང་བོའི་མདུན་དུ་མ་ཡུམ་སློབ་གླིང་དང་རིང་དུ་གྱེས་ན་ཡང་སེམས་ཀྱིས་འབྲལ་མི་སྲིད་པའི་བརྩེ་འདང་དམ་བཅའ་དང་། ཡ་རབས་ཀུན་སྤྱོད་སོགས་འཇིག་རྟེན་གྱི་ལུགས་དང་མཐུན་པའི་རང་གི་སྤྱོད་ལམ་བདག་པོ་རྒྱག་པའི་དམ་བཅའ།  རབ་ན་མི་རིགས་དང་རྒྱལ་ཁབ་ལ་རླབས་ཆེན་གྱི་བྱ་བཞག་བསྒྲུབ་པར་ཁས་བླངས་རྒྱབ་སྐྱུར་མི་བྱ་བའི་དམ་བཅའ་ཕུལ་བ་སོགས་ཀྱིས་མཚོན་པའི་མཐར་ཕྱིན་མཛད་སྒོར་ཞུགས་པའི་དགེ་སློབ་ཀུན་དང་ལྟད་མོ་བ་ཡོངས་ཧ་ལས་པར་བྱས་འདུག་ལ།  སློབ་མ་ལ་ལ་སློབ་གྲྭ་དང་འབྲལ་མི་ཐུབ་པའི་བརྩེ་འདང་དྲོན་མོ་དེས་མིག་ཆུ་འཐོར་ཞིང་རེ་འགར་ཧོན་འཐོར་བའང་ཡོད་པ་ཞིག་གྱུར་འདུག 

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཞི་བའི་མཐར་ཕྱིན་སློབ་མ་སྒེར་དང་འཛིན་གྲྭ་གཞུང་ནས་པར་བསྐྲུན་བྱས་པའི་བརྩམས་ཆོས་ཀྱི་སྐོར།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ཆེས་ཐོག་མའི་མི་སྒེར་གྱི་རྩོམ་དེབ།

དབྱངས་ཀྱི་རྨི་ལམ།

རིན་ཆེན་མཚོས་བརྩམས།

སྐབས་བཞི་བའི་མཐར་ཕྱིན་འཛིན་གྲྭ་ཀ་བ།

འོད་ཀྱི་ལམ་ཁ།

རྩོམ་པ་བོ།  པདྨ་མཚོ།  དབང་ཆེན་མཚོ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་མཐར་ཕྱིན་སྐབས་བཞི་བའི་འཛིན་གྲྭ་ཀ་བ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ཆེས་ཐོག་མའི་བསྒྱུར་རྩོམ།

ཆུ་ཤེལ་མེ་ལོང་།

སྐབས་བཞི་བའི་མཐར་ཕྱིན་འཛིན་གྲྭ་ཁ་བའི་ཆེད་རྩོམ།

འུར་རྡོ་ཁྲ་མོ།

སྐབས་བཞི་བའི་མཐར་ཕྱིན་འཛིན་གྲྭ་ཁ་བའི་ཆེད་རྩོམ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ཆེས་ཐོག་མའི་ལྷུག་བརྗོད་ཆེད་རྩོམ།

མུ་ཏིག་གི་གདུ་བུ།

སྐབས་བཞི་བའི་མཐར་ཕྱིན་འཛིན་གྲྭ་ཀ་བ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ལྷུག་བརྗོད་ཆེད་རྩོམ།

རྫ་ཆུའི་འགྱུར་ཁུགས།

རྩོམ་པ་བོ།

ཚེས་བཅུ་ལྷ་མོ། རྡོ་རྗེ་སྒྲོལ་མ། ཨ་སྐྱིད།

སྐབས་བཞི་བའི་མཐར་ཕྱིན་འཛིན་གྲྭ་ཀ་བ།

སྙུ་གུའི་གོམ་འགྲོས།

རྩོམ་པ་བོ།

གཙང་གདུགས་དཀར་སྐྱིད།  སྒྲོལ་མ་མཚོ།

སྐབས་བཞི་བའི་མཐར་ཕྱིན་འཛིན་གྲྭ་ཀ་བ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཞི་བའི་མཐར་ཕྱིན་འཛིན་གྲྭ་ཁ་བ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་བཞི་བའི་མཐར་ཕྱིན་འཛིན་གྲྭ་ཀ་བ།




རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-07-01 ལྟ་ཀློག (9931)