གནམ་ཐང་ཞིག་ཏུ་ཉི་ཧོང་གི་སློབ་མའི་ཚོགས་པ་ཞིག་གིས་མཉམ་དུ་དཔེ་དེབ་ཀློག་བཞིན་པ།

ཐེ་གོའི་གནམ་ཐང་ཞིག་ནས་གནམ་གྲུར་སྒུག་དུས་ཉི་ཧོང་གི་སློབ་མའི་ཚོགས་པ་ཞིག་གིས་མཉམ་དུ་དཔེ་དེབ་ཀློག་པ།
          2016-06-28   15:37:05

རླངས་འཁོར་ལ་སྒུག་དུས་དང་གསང་སྤྱོད་ཁང་དུ་ཁ་པར་ལ་བལྟ་བ་དང་། ཁོམ་པ་ཡོད་མེད་ཀྱི་དུས་ཚོད་གང་ལའང་ཁ་པར་ནང་བལྟ་བ་ནི་ཧ་ལམ་དེང་དུས་ཀྱི་མིའི་གོམས་གཤིས་སུ་གྲུབ་ཡོད། ཡིན་ནའང་དྲ་གྲོགས་“Pawana Suriyaprucksh”ནས་ཉིན་ཤས་སྔོན་ལ་ཐེ་གོ་ཆིན་མེ་གནམ་ཐང་དུ་དམིགས་བསལ་གྱི་རྣམ་པ་ཞིག་པར་དུ་སྒྲོན་ཡོད་དེ། ཉི་ཧོང་གི་སློབ་ཚོགས་ཤིག་གིས་གནམ་གྲུར་སྒུག་སྐབས་ཁ་པར་ནང་བལྟ་བ་མ་ཡིན་པར། མི་རེ་རེས་དཔེ་དེབ་ལ་བལྟ་བ་དེས་པར་སྒྲོན་མཁན་ལ་སེམས་འགུལ་ཐེབས་པར་བྱས།


ཧོང་ཀོང་གི་<<པ་ཧྲི་ཚགས་པར>>གྱིས་སྤེལ་བ་ལྟར་ན།Pawana Suriyapruckshནས་ཉིན་ཤས་གོང་ཉི་ཧོང་སློབ་མས་གནམ་ཐང་དུ་དཔེ་དེབ་ཀློག་པའི་འདྲ་པར་དག་ངོ་དེབ་སྟེང་དུ་བཀོད་པ་དང་། དེ་ཡང་སློབ་མ་དེ་དག་ལས་ཁ་ཤས་ཤིག་རྐུབ་སྟེགས་སུ་བསྡད་ཡོད་པ་དང་། ཡང་ཁ་ཤས་ཤིག་ཐང་དུ་བསྡད་ཡོད། ཡིན་ནའང་ཁ་པར་ནང་བལྟ་མཁན་མི་གཅིག་ཀྱང་མེད། ཐེ་ལན་ཏྲིའི་སློབ་མས་ཀྱང་ཁོ་ཚོ་ལ་སློབ་སྦྱོང་བྱེད་ཐུབ་པར་སྨོན། ཕྱི་ཡུལ་དུ་བསྐྱོད་དུས་ཀྱང་དཔེ་དེབ་ནམ་ཡང་རང་ལུས་དང་མི་འབྲལ་བར་ཁོམ་སྐབས་སུ་བལྟ་ཀློག་བྱེད་པ་ལས་ཁ་པར་ནང་དུ་བལྟས་ཏེ་ཉི་མ་མི་གཏོང་རོགས།

  ཉི་ཧོང་གི་སློབ་མ་ཚོས་གནམ་ཐང་དུ་གནམ་གྲུར་སྒུག་པའི་དུས་ཚོད་ཀྱི་བར་གསེང་ནས་རང་ཉིད་ཀྱི་དཔེ་དེབ་བལྟ་ཀློག་བྱེད་པ།

   ཉི་ཧོང་གི་སློབ་མ་ཚོས་གནམ་ཐང་དུ་གནམ་གྲུར་སྒུག་པའི་དུས་ཚོད་ཀྱི་བར་གསེང་ནས་རང་ཉིད་ཀྱི་དཔེ་དེབ་བལྟ་ཀློག་བྱེད་པ།
འདྲ་པར་འདི་དག་དྲ་ལམ་དུ་བཀྲམས་རྗེས། དྲ་གྲོགས་ཧ་ཅང་མང་བོ་ཞིག་གིས་སློབ་བུ་འདི་ཚོར་བསྟོད་བསྔགས་ཀྱི་མེ་ཏོག་ཕུལ་ཡོད། 
རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-06-29 ལྟ་ཀློག (4566)