གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བརྡ་སྦྱོར།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བརྡ་སྦྱོར། 

   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ༦ ཚེས ༡༦ ཉིན། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་བོད་ལུགས་གསོ་བ་རིག་པའི་ཆེད་མཁས་སྨན་པ་རྒན་བསྟན་སྲུང་གྲགས་པ་ལགས་སློབ་གླིང་དུ་གདན་འདྲེན་ཞུས་ཏེ། གསོ་རིག་ཆེད་སྦྱོང་འཛིན་གྲྭ་དག་ལ་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞི་ལས་ཕྱི་མ་རྒྱུད་ཀྱི་སྦྱོངས་བྱེད་ལས་ལྔའི་གཞུང་ལུགས་འཆད་ཁྲིད་དང་ལག་ལེན་དམར་ཁྲིད་གནང་རྒྱུ་ཡིན་པས།   སློབ་ཁྲིད་འདིར་ཞུགས་འདོད་ཡོད་པའི་ཚེ་རིག་འཛིན་པ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་སྤྲོད་ཆེད་ངེད་སློབ་གླིང་གིས་སྤྱི་ཟླ༦ ཚེས ༡༥ ཉིན་ཕྱོགས་སོ་སོ་ནས་ཕེབས་པའི་འཚོ་བྱེད་སློབ་གཉེར་བ་རྣམས་ལ་སློབ་ཞུགས་མིང་ཐོ་འགོད་རྒྱུ་ཡིན་པས་དུས་ལྟར་ཕེབས་པར་ཞུ།  

ལས་རིམ་ངོ་སྤྲོད།

     སྤྱི་ཟླ་ ༦ ཚེས ༡༧ ཉིན་ནས་བཟུང་ཕྱི་དྲོའི་དུས་ཚོད་3:00—6:00བར་སྨན་རམས་པ་ཁོང་གིས་ནད་པར་ནད་བརྟག་སྨན་བཅོས་བྱེད་རྒྱུ་ཡིན་ལ།གསོ་བཅོས་ནད་རིགས་གཙོ་བོ་ནི་མཆིན་མཁྲིས་ནད་རིགས་དང་། པགས་ནད་རིགས། དྲེག་གྲུམ།གཅིན་སྙི། གཞན་ཡང་ཁྲག་གྲིབ་དང་། ཁྲག་རླུང་། རྐང་འབམ། མོ་ནད་སོགས་ནད་རིགས་གསོ་བཅོས་ལ་ཐུན་མིན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས་ནད་པ་རྣམས་དུས་ལྟར་ཕེབས་པར་ཞུ།  


འབྲེལ་གཏུགས་ཁ་པར་ཨང་གྲངས།

 18946856388       

18097158222      

15897239266  

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སྤྱི་ལོ ༢༠༡༦  ཟླ ༦ ཚེས ༡༡ཉིན་སྤེལ།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ། 

རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2016-06-12 ལྟ་ཀློག (7021)