​དྲུག་གཅིག་བྱིས་པའི་དུས་ཆེན་ངོ་སྤྲོད།

 

དྲུག་གཅིག་བྱིས་པའི་དུས་ཆེན་ངོ་སྤྲོད། 

རྩོམ་པ་པོ་མི་གསལ།

    རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ནམ་དྲུག་གཅིག་བྱིས་པའི་དུས་ཆེན་ནི་ལོ་རེའི་ཟླ་དྲུག་པའི་ཚེས་གཅིག་ཉིན་གཏན་འཁེལ་བྱས་ཡོད། ༡༩༤༢ལོའི་ཟླ་༦པའི་ཚེས་༡༠ཉིན་གྱི་ལིིའི་ཏིའི་སེའི་དམར་གསོད་དོན་རྐྱེན་དང་འཛམ་གླིང་ཁྱོན་གྱི་དམག་འཁྲུག་སྐབས་རྐྱེན་ངན་སྲོག་ཤོར་གྱི་བྱིས་པར་མྱ་ངན་ཞུ་ཆེད་དུ་གཏན་འབེབས་བྱས། མནར་གཅོད་འོག་བསད་རྒྱུ་དང་གནོད་པ་སྐྱེལ་རྒྱུར་ངོ་རྒོལ་བྱེད་རྒྱུ་དང་། དེ་བཞིན་བྱིས་པའི་ཁེ་དབང་ལ་འགན་སྲུང་བྱེད་ཆེད་དུ་གཏན་འབེབས་བྱས། 

    ༡༩༤༩ལོའི་ཟླ་༡༡པའི་ནང་། རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ལྷན་ཚོགས་‚ཀྱིས་མོ་སེ་ཁོ༼སུའུ་ལེན་གྱི་རྒྱལ་ཁབ༽རུ་ལས་འཛིན་ཚོགས་འདུ་འཚོག་པ་དང་། ཀྲུང་གོ་དང་རྒྱལ་ཁབ་གཞན་གྱི་འཐུས་མིས་ཁོང་ཁྲོ་ཆེན་པོས་བཙན་རྒྱལ་རིང་ལུགས་པ་དང་རྒྱལ་ཁབ་སོ་སོའི་ལོག་སྤྱོད་ཕྱོགས་ཁག་གིས་བྱིས་པ་དམར་གསོད་བཏང་བ་དང་བྱིས་པར་གནོད་སྐྱེལ་བའི་ནག་ཉེས་ཐེར་འདོན་བྱས། ཚོགས་འདུའི་ཐོག་ལོ་རེའི་ཟླ་བ་༦པའི་ཚེས་༡ཉིན་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་གཏན་འཁེལ་བྱས། འདི་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་མི་རེ་ངོ་རེའི་བྱིས་པའི་འཚོ་གནས་དབང་ཆ་དང་ལུས་ཁམས་བདེ་སྲུང་ཡོང་དབང་། སློབ་གསོ་མྱོང་དབང་། གསོ་སྦྱོང་དབང་ཆ་ལ་སོགས་པར་འགན་སྲུང་བྱེད་ཆེད་དང་། བྱིས་པའི་འཚོ་བ་ལེགས་བཅོས་བྱེད་རྒྱུའི་ཆེད། བྱིས་པ་མནར་གཅོད་འོག་བསད་རྒྱུ་དང་བྱིས་པར་གནོད་པ་སྐྱེལ་རྒྱུར་ངོ་རྒོལ་བྱེད་ཆེད་དུ་དུས་ཆེན་འདི་གཏན་འབེབས་བྱས། ད་བར་འཛམ་གླིང་སྟེང་གི་རྒྱལ་ཁབ་མང་པོ་ཞིག་གིས་ཟླ་བ་དྲུག་པའི་ཚེས་གཅིག་ཉིན་དེ་བྱིས་པའི་དུས་ཆེན་ལ་གཏན་ངེས་བྱས་ཡོད།
དུས་ཆེན་གྱི་འབྱུང་རྐྱེན།
    རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གཏན་ལ་འབེབས་དོན་དང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ལྷག་པའི་སྐད་གྲགས་ཆེ་བའི་དམར་གསོད་ལིིའི་ཏིའི་སེའི་དམར་གསོད་དོན་རྐྱེན་དང་འབྲེལ་བ་ཡོད། ༡༩༤༢ལོའི་ཟླ་༦པའི་ཚེས་༡༠ཉིན། འཇར་མན་གྱི་ཧྥའེ་ཞི་སེ་ཚོགས་པས་ཆའེ་ཁེ༼ཡོ་རོབ་དཀྱིལ་གྱི་སྐམ་སའི་ཁུལ་གྱི་རྒྱལ་ཁབ་ཞིག༽ལིིའི་ཏིའི་སེའི་གྲོང་ཚོའི་ལོ་༡༦ཡན་གྱི་སྤྱི་དམངས་ཕོ་༡༤༠ལྷག་ཙམ་དང་ཕྲུ་གུ་དམར་འབྱར་ཚང་མ་དམར་གསོད་བཏང་བ་མ་ཟད། བུད་མེད་ཚོ་དང་བྱིས་པ་༩༠ཙམ་གཅིག་བསྡུས་ཚོགས་རྭར་བཀག་ཉར་བྱས། གྲོང་ཚོའི་ནང་གི་ཁང་ཁྱིམ་དང་འཛུགས་སྐྲུན་དངོས་པོ་ཚང་མ་མེ་སྲེག་ཏུ་བཏང་། གྲོང་ཚོ་ཞིག་འདི་འདྲ་བྱས་ནས་འཇར་མན་གྱི་ཧྥའེ་ཞི་སེ་ཚོགས་པས་རྩ་མེད་དུ་བཏང་། འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས། འཛམ་གླིང་ས་ཕྱོགས་སོ་སོའི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པ་དང་། བཟོ་པ་སྟོང་ཕྲག་ཁྲི་ཕྲག་གི་ལས་ཀ་ཤོར་བ། འཁྱག་ལྟོགས་བཀྲེས་སྐོམ་གྱིས་མནར་བའི་འཚོ་བ་སྐྱེལ་དགོས་པ་སོགས་བྱུང་བ་དང་། བྱིས་པའི་གནས་སྟངས་ནི་དེ་བས་སྡུག་པ་ཡོད། བྱིས་པ་འགར་འགོས་ནད་འགོས་ནས། ཕུང་ཚོགས་ཕུང་ཚོགས་བྱས་ནས་ཤི་བ་དང་། ད་དུང་འགའ་ཤས་ནི་བཙན་སྐུལ་གྱིས་ཕྲུ་གུ་བཟོ་པ་བྱེད་དུ་འཇུག་པ། མནར་གཅོད་མི་མྱོང་དགུ་མྱོང་མྱངས་བ། འཚོ་བ་དང་ཚེ་སྲོག་ལ་འགན་སྲུང་མི་རག་པའི་གནས་སྟངས་ཤིག་ཡིན། ལིིའི་ཏིའི་སེའི་དམར་གསོད་དོན་རྐྱེན་དང་འཛམ་གླིང་ཁྱོན་གྱི་དམག་འཁྲུག་སྐབས་རྐྱེན་ངན་སྲོག་ཤོར་གྱི་བྱིས་པར་མྱ་ངན་ཞུ་ཆེད། མནར་གཅོད་འོག་བསད་རྒྱུ་དང་གནོད་པ་སྐྱེལ་རྒྱུར་ངོ་རྒོལ་བྱེད་རྒྱུ། དེ་བཞིན་བྱིས་པའི་ཁེ་དབང་ལ་འགན་སྲུང་བྱེད་ཆེད་དུ། ༡༩༤༩ལོའི་ཟླ་༡༡པའི་ནང་། རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མོ་སེ་ཁོ༼སུའུ་ལེན་གྱི་རྒྱལ་ཁབ༽རུ་ལས་འཛིན་ཚོགས་འདུ་འཚོག་པ་དང་། རྒྱལ་ཁབ་སོ་སོའི་འཐུས་མིས་ཁོང་ཁྲོ་ཆེན་པོས་བཙན་རྒྱལ་རིང་ལུགས་པ་དང་རྒྱལ་ཁབ་སོ་སོའི་ལོག་སྤྱོད་ཕྱོགས་ཁག་གིས་བྱིས་པ་དམར་གསོད་བཏང་བ་དང་བྱིས་པར་གནོད་སྐྱེལ་བའི་ནག་ཉེས་ཐེར་འདོན་བྱས། འཛམ་གླིང་ཐོག་གི་རྒྱལ་ཁབ་མི་རེ་ངོ་རེའི་བྱིས་པའི་འཚོ་གནས་དབང་ཆ་དང་ལུས་ཁམས་བདེ་སྲུང་ཡོང་དབང་། སློབ་གསོ་མྱོང་དབང་། གསོ་སྦྱོང་དབང་ཆ་ལ་སོགས་པར་འགན་སྲུང་བྱེད་ཆེད་དང་། བྱིས་པའི་འཚོ་བ་ལེགས་བཅོས་བྱེད་རྒྱུའི་ཆེད། ཚོགས་འདུའི་ཐོག་ལོ་རེའི་ཟླ་བ་༦པའི་ཚེས་༡ཉིན་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་གཏན་འཁེལ་བྱས།
ལིའི་ཏིའི་སེའི་དམར་གསོད་དོན་རྐྱེན།
       ༡ ལིའི་ཏིའི་སེའི་དམར་གསོད་དོན་རྐྱེན་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ན་སུད་ཏང་༼ཇར་མན་གྱི་རྒྱལ་ཁབ་ཏུ་ཤི་ཐེ་ལེས་གཙོས་པའི་སྤྱི་ཚོགས་ཏང་༽བཅའ་སྡོད་བྱས་པའི་ཆའེ་ཁེ་སི་ལའོ་བད་ཁ༼ཡོ་རོབ་ཀྱི་རྒྱལ་ཁབ་ཞིག༽ཡི་འགོ་པ་ལན་དབྱིན་ཧའ་ཟླ་ཧའེ་ཟླ་ལིའི་ཤིའི་འགོག་རྒོལ་རྩ་འཛུགས་ཀྱིས་ལྐོག་གསོད་བྱས། ཁོ་བོར་དགྲ་ཤ་ལེན་ཆེད་དུ་ཉེས་མེད་ཀྱི་མི་སེར་མང་པོ་དམར་གསོད་གཏོང་བའི་དོན་རྐྱེན་དེ་བཟོས་པ་རེད། ལིིའི་ཏིའི་སེའི་དམར་གསོད་དོན་རྐྱེན་དེས་ཆའེ་ཁེའི་མི་ཡོངས་ལ་ངར་སླང་ནས་འཇར་མན་ལ་ངོ་རྒོལ་བྱས་པའི་འགོག་རྒོལ་ལས་འགུལ་དེ་སྤེལ། དེ་བས་ཀྱང་རྗེས་སུ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན༼༦ཚེས་༡ཉིན་༽གྱི་འབྱུང་སའི་ཁུངས་སྣེར་གྱུར།
རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ལྷན་ཚོགས།

     ༢ རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནི། སྲིད་གཞུང་དང་འབྲེལ་མེད་ཀྱི་རྒྱལ་སྤྱིའི་བུད་མེད་རྩ་འཛུགས་ཤིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་དང་འབྲེལ་མེད་ཀྱི་རྩ་འཛུགས་ཁོངས་མི་ཞིག་ཡིན། གྲགས་ཆེ་བའི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དེ་ནི་རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཏན་འཁེལ་བྱས།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-06-01 ལྟ་ཀློག (6770)