ཤེས་རིག་སློབ་གླིང་གི་ཐོན་མིའི་སློབ་ཚོགས་རྒྱུན་ལས་ཚོགས་ཆེན་སྐབས་གསུམ་པ།

     གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་ཆེན་སྐབས་གསུམ་པ་དེ་སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ་༥བའི་ཚེས་༢༨ཉིན་སློབ་གླིང་རང་གི་གླིང་སྟོད་དུ་འཚོགས།  ཚོགས་ཐོག་ཏུ་དགེ་རྒན་བཀའ་དྲིན་ཅན་འཇིགས་མེད་རྒྱལ་མཚན་མཆོག་དང་མཐར་ཕྱིན་འཛིན་གྲྭ་སོ་སོའི་འཐུས་ཚབ་མི་སྣ་༡༦བཅས་འཛོམས།

    ཐེངས་འདིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས་སློབ་གྲྭ་རང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་ལ་བཀའ་དྲིན་ཞུ་མཚོན་དུ་མི་རེར་སྒོར་༢༤༠༠རེ་ཕུལ་བ་སོགས་རྒྱུན་ལས་དང་ལས་འཛིན་པ་ཡོངས་ཀྱིས་བསྒྲུབས་ཟིན་པའི་བྱ་བ་རྣམས་སྤྱི་བསྡོམས་བྱས་ཤིང་།

     འབྱུང་འགྱུར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་གསོའི་ཞབས་ཞུ་ལྟེ་གནས་ཇི་ལྟར་གསར་འཛུགས་བྱ་རྒྱུ་དང་དེ་ལ་རྒྱུན་ལས་འཐུས་ཚབ་པ་སོ་སོས་ནུས་པ་ག་འདྲ་འདོན་དགོས་པ་སོགས་སྤྱི་ཕན་གྱི་ལས་གནས་དོན་འཁྱོལ་ཡོང་བར་སྒྲིག་འཛུགས་ལམ་ལུགས་ཀྱིས་ལས་བགོས་བྱས་པར་མ་ཟད།   གྲོས་བསྡུར་གྱི་སྐབས་རྒྱུན་ལས་འཐུས་ཚབ་པ་སོ་སོས་སེམས་ཤུགས་དང་ཡིད་ཆེས་ཀྱིས་ཁེངས་པའི་སྐད་ཆ་རིན་ཐང་ཅན་མང་དུ་བཤད་ཅིང་མཐར་དགེ་རྒན་བཀའ་དྲིན་ཅན་མཆོག་གིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་(常务理事证)དང་རྒྱུན་ལས་(常务证)ལག་ཁྱེར་ཚད་ལྡན་གནངས།  ཚོགས་འདུར་སྤྱི་བསྡོམས་བྱས་ཏེ་འཐུས་ཚབ་སློབ་མ་ཡོངས་ལ་ད་ལོའི་བྱ་བའི་ཐད་དགོངས་འཆར་དང་མཛུབ་སྟོན་རྒྱ་ཆེར་གནང་སྟེ་ཚོགས་འདུ་རེ་བ་ལྡན་པའི་ངང་མཇུག་རྫོགས།


ཚོགས་རའི་ཟུར་དངོས།

ཚོགས་རའི་ཟུར་དངོས་ཤིག

སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ལས་འཛིན་དང་རྒྱུན་ལས་

ལག་ཁྱེར་གནང་བཞིན་པ།

དགེ་སློབ་སྟོང་ཕྲག་ལྷག་གིས་གྲུབ་པའི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་ཆེན་སྐབས་གསུམ་པའི་མཉམ་འཛོམས་དྲན་རྟེན།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-05-28 ལྟ་ཀློག (5115)