གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་རི་འཛེག་བྱ་འགུལ་སྤེལ་བ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་རི་འཛེག་བྱ་འགུལ་སྤེལ་བ།

       ༢༠༡༦ལོའི་སྤྱི་ཟླ་༥བའི་ཚེས་༢༤ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་དང་དགེ་རྒན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་པ་

གཉིས་ཀྱིས་སྣེ་ཁྲིད་འོག་དགེ་སློབ་ལས་བཟོ་བ་སྟོང་ཕྲག་ལྷག་རི་འཛེག་སྤྲོ་གསེང་བྱ་འགུལ་དུ་ཞུགས་ཤིང་།ལམ་བར་དུ་འཛིན་གྲྭ་སོ་སོར་བགོས་ཏེ་ལུས་རྩལ་འགྲན་བསྡུར་གྱི་བྱ་འགུལ་སྣ་ཚོགས་སྤེལ་བར་མ་ཟད།སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་ལམ་བར་གྱི་གནས་རི་འགང་ཆེན་དང་རི་ཆུ་ནགས་གསུམ་གྱི་བྱུང་བ་ངོ་སྤྲོད་གནང་བར་དགེ་སློབ་ཡོངས་ལ་བློ་བསྐྱེད་མི་དམན་ཐོབ།ཕྱི་དྲོ་ཆུ་ཚོད་བདུན་ཡས་མས་སུ་དགེ་སློབ་ཡོངས་བདེ་ལེགས་ངང་ཕྱིར་སློབ་གླིང་དུ་འབྱོར།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-05-24 ལྟ་ཀློག (4491)