མཚོ་ལྷོ་ཁུལ་ཧོལ་ཁ་རུ་བདེ་ཐང་སློབ་གསོའི་བྱ་འགུལ་སྤེལ་བ།

མཚོ་ལྷོ་ཁུལ་ཧོལ་ཁ་རུ་བདེ་ཐང་སློབ་གསོའི་བྱ་འགུལ་སྤེལ་བ།

  སྤྱི་ལོ༢༠༡༦-༥-༡ཉིན། མི་རིགས་རིག་གནས་དང་ས་གནས་རིག་གནས་ཀྱི་རྣམ་པ་གོང་འཕེལ་དུ་གཏོང་ཆེད།ཕུགས་འདུན་མཉམ་གླེང་ཚན་ཆུང་གིས་བསྒྲུབས་པའི་

མི་རིགས་རིག་གནས་ཀྱི་རིན་ཐང་དང་། བདེ་ཐང་སློབ་གསོའི་དགེ་མཚན་གླེང་བ་ཞེས་པའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་མཚོ་ལྷོ་ཧོལ་ཁ་རུ་བསྡུས་ཤིང་། ཚོགས་ཐོག་ཏུ་གདན་ཞུའི་སྐུ་མགྲོན་ཨ་ཚོགས་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ་བཀྲ་ཤིས་རྒྱ་མཚོ་ཚང་དང་།མ  ཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འབུམ་རམས་པ་གཞོན་པ་དང་

མཆིན་མཁྲིས་ཚན་ཁག་གི་མགོ་གཙོ་ལྷ་མཁར་རྒྱལ། རྩི་གོར་རྫོང་བོད་སྨན་ཁང་གི་གསོ་རིག་ཆེད་མཁས་པ་སྤྱི་ཁྱབ་འགན་འཛིན་གཞོན་པ་ཚེ་བརྟན་རྒྱལ།ཨེ་འགོག་རང་འདུན་པ་ཚངས་

སྲས་མོ་བཅས་ཀྱིས་བདེ་ཐང་སློབ་གསོ་དང་འབྲེལ་ཏེ་གཏམ་བཤད་གལ་ཆེན་གནང་།  ཐེངས་འདིར་ཧོལ་ཁའི་སྡེ་ཆེན་བཅུ་གཅིག་ལྷག་གི་མི་སེར་སྐྱ་མང་ཚོགས་མི་གྲངས་ལྔ་བརྒྱ་ལྷག་ཚོགས་འདུར་ཞུགས་ཡོད། གནས་ཚུལ་འདི་དག་ནི་ས་ཧོལ་ཁའི་ཡུལ་གྱི་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་ཡིན་ཅིང་།   ལྷག་པར་དུ་གསོ་རིག་རྒྱུན་ཤེས་དང་ནང་ཆོས་ངོ་སྤྲོད་བཅས་མི་མང་ལ་ཕན་པའི་

རླབས་ཆེན་གྱི་བྱ་བཞག་འདིས་དམངས་ལ་བདེ་སྐྱིད་དང་། སྤྱི་ཚོགས་ལ་ཡར་རྒྱས་བཅས་ལ་དགེ་མཚན་གསར་བ་ཞིག་བསྐྲུན་ཡོད་པར་འདོད །སྐབས་དེ་དང་བསྟུན་ཧོལ་ཁའི་ཡུལ་དུ་

བཀའ་དྲིན་དང་བྱས་རྗེ་ཆེ་བའི་མི་སྒེར་དང་། སྡེ་བ། ཚོགས་པ་སྐོར་ཞིག་ལ་བྱ་དགའི་རྟགས་མ་གནང་སྟེ་སྐུལ་འདེད་བྱས།  བྱ་དགའ་གནང་ཡུལ་ནི་གཤམ་གསལ་ལྟར།   

གཡུ་ལུང་དགོན་པའི་མར་ནང་དགེ་འདུན་དང་། པདྨ་ཚུལ་ཁྲིམས་རྣམ་གཉིས་ལ་མི་རིགས་སློབ་གསོ་ལ་མཛད་རྗེ་ཆེ་བའི་རྟགས་མ་ཕུལ་བ་དང་། 

གཟུངས་ཁོ་དང་། ངག་དབང་འཕྲིན་ལས། མཚན་སྐྱོང་བཅས་ལ་མི་རིགས་སློབ་གསོ་ལ་གཟིགས་སྐྱོང་གནང་བའི་རྟགས་མ་ཕུལ་བ། རྒྱ་མཆོད་སྡེ་བ།  གཡས་འཁྱིལ་བཟང་སྤྱོད་ཚོགས་ཆུང་།   གསེར་གཞོང་སྡེ་བ།   བདེ་སྐྱིད་སྐད་ཡིག་རྨོངས་སེལ།   རི་ཕྱོར་སྐད་ཡིག་རྨོངས་སེལ།  ཨ་ཚོགས་སྡེ་སྤྱི།  ཕྱུགས་ར་རུ་ཁག་དང་པོའི་སྐད་ཡིག་རྨོངས་སེལ།   ཧྲོང་བོ་སྡེ་བའི་མཛུབ་མོ་ལྔ་བོ་སྤུན་ཡིན་སྣོད་བཅུད་སྲུང་སྐྱོབ་ཚན་ཆུང་།  ཉིན་ཆུ་སྡེ་བའི་ལྷ་རིའི་གཟི་བྱིན་ཚོགས་པ།  ཁྱུང་སེང་སྡེ་བ། ཆོས་རྗེ་སྐད་ཡིག་རྨོངས་སེལ་བཅས་ལ་མི་རིགས་སློབ་གསོར་ཞབས་འདེགས་ཞུས་པའི་རྟགས་མ་ཕུལ།

ཐེངས་འདིའི་ཚོགས་འདུར་མཐུན་རྐྱེན་སྦྱོར་མཁན་ནི། ཨ་ཚོགས་དོན་གྲུབ།  མང་རྫོང་པདྨ་དོན་གྲུབ།  མང་རྫོང་རྡོ་རྗེ་ཚེ་བརྟན།  དགོན་སེར་ཡོན་ཏན།  ཁྲོཾ་ཐར་འཇམ་བློ།  མཐུན་པ་སྤུན་བཞི་ཚང་བཅས་སོ།།

ཚོགས་གཙོ་ཚུལ་ཁྲིམས་ཡེ་ཤེས་ལགས་ཀྱིས་མདོ་འཛིན་གྱི་གཏམ་བཤད་གནང་བ།

དགེ་བཤེས་བཀྲ་ཤིས་རྒྱ་མཚོ་མཆོག་གིས་ནང་ཆོས་ཀྱི་ངོ་སྤྲོད་གནང་བཞིན་པ།

སྨན་པ་འབུམ་རམས་པ་ལྷ་མཁར་རྒྱལ་གྱིས་གསུང་བཤད་གནང་བ།

གསོ་རིག་པ་ཆེན་མོ་ཧྲོང་བོ་ཚེ་བརྟན་རྒྱལ་གྱིས་གསུང་བཤད་གནང་བ།

ཨེ་འགོག་རང་འདུན་པ་ཚངས་སྲས་མོས་སེམས་ཚོར་ཆེན་པོས་གཏམ་བཤད་སྤེལ་བ།

མི་སྒེར་དང་། སྡེ་བ། ཚོགས་པ་སོགས་ལ་བྱ་དགའ་གནང་བ།

 

ཚོགས་ཞུགས་མི་སྣས་གཏམ་བཤད་ལ་ཉན་བཞིན་པ།

གསར་འགྱུར་དང་པར་རིས་མཁོ་སྤྲོད་པ།   གསར་འགོད་པ་ཆོས་སྐྱོང་རྒྱལ།



རྩོམ་སྒྲིག་འགན་ཁུར་བ།  མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-05-03 ལྟ་ཀློག (5654)