གླང་ཆེན་དང་བསེ་རུའི་ལས་དབང་།

གླང་ཆེན་དང་བསེ་རུའི་ལས་དབང་།
         

      སྤྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡ ཉིན།ཨ་ཧྥུ་རི་ཀ་ནི་གླང་ཆེན་༤༥༠,༠༠༠ ནས་ ༥༠༠,༠༠༠ ཕ་གཞིས་ཡིན། འོན་ཀྱང་ལོ་རེ་བཞིན་གླང་ཆེན་གསོད་པའི་གྲངས་ཀ་ཇེ་མང་དུ་སོང་སྟེ། དེང་སྐབས་ལོ་རེར་གླང་ཆེན་ ༣༠,༠༠༠ ལྷག་གསོད་ཀྱི་ཡོད།གླང་ཆེན་མཆེ་བའི་ཚོང་གི་ལྟེ་གནས་ཨེ་ཤ་ཡ་ཆགས་ཡོད་པ་དང་། ཨ་ཧྥུ་རི་ཀའི་ནག་ཚོང་རྒྱག་མཁན་ཚོས་ཨེ་ཤ་ཡའི་ཁྲོམ་ར་ལ། གླང་ཆེན་མཆེ་བ་སྤྱི་རྒྱ་གཅིག་ལ་ཨ་སྒོར་ ༡,༠༠༠(ཡོ་སྒོར་ ༨༠༠) ལ་བཙོང་གི་ཡོད།སྤྱི་ཟླ་ ༤ ཚེས་ ༣༠ ཉིན་ཨ་ཧྥུ་རི་ཀའི་རྒྱལ་ཁབ་ཁཱིན་ཡ་(Kenya) སྲིད་གཞུང་གིས་སྲིད་འཛིན་ཨུ་ཧུ་རུ་ ཁཱིན་ཡ་ཏ་(Uhuru Kenyatta) དབུ་བཞུགས་ཐོག ནག་ཚོང་ཁྲོམ་ར་ནས་འཕྲོག་པའི་གླང་ཆེན་མཆེ་བ་ ༡༦,༠༠༠ དུས་གཅིག་ལ་མེར་སྲེག་བཏང་བ་དེ། འཛམ་གླིང་གི་གླང་ཆེན་མཆེ་བ་མེར་སྲེག་བཏང་བ་ཕོན་ཆེ་ཤོས་དེ་ཆགས་ཡོད་འདུག  ཐེངས་འདིར་ནག་ཚོང་ཁྲོམ་ར་ནས་འཕྲོག་སྟེ་མེར་སྲེག་བཏང་བའི་གླང་ཆེན་མཆེ་བའི་རིན་ཐང་ལ་ཨ་སྒོར་ས་ཡ་ ༡༠༠ ལྷག་དང་། བསེ་རུའི་རྭ་ལ་ཨ་སྒོར་ས་ཡ་ ༨༠ ལྷག་གི་མ་གནས་ཡོད་འདུག    བསེ་རུའི་རྭ་སྤྱི་རྒྱ་གཅིག་ལ་ཨ་སྒོར་ ༦༠,༠༠༠ ལྷག་ཡིན་པས། གསེར་དང་སྦྲིད་རྩྭ་(cocaine: ཀོ་ཀན།) ཡི་དྭངས་མ་ལས་ཀྱང་གོང་ཆེ་བ་ཡིན་འདུག     ཁཱིན་ཡའི་སྲིད་འཛིན་ཨུ་ཧུ་རུ་ཁཱིན་ཡ་ཏ་དང་ཁཱེན་ཡ་རི་སྐྱེས་སྲོག་ཆགས་ཀྱི་ཚེ་སྲོག་སྲུང་སྐྱོབ་

འགན་འཛིན་ཀི་ཏི་ལི་ཨེམ་བྷ་ཋེ་(Kitili Mbathi) ཡིས་འཛམ་གླིང་གི་ཁྲོམ་ར་དང་། ལྷག་པར་ཨེ་ཤ་ཡའི་ཁྲོམ་ར་ཁག་ནས་གླང་ཆེན་མཆེ་བ་དང་། གླང་ཆེན་མཆེ་བའི་བཟོས་དངོས་ཉོ་བཙོང་མི་བྱེད་རྒྱུའི་རེ་སྐུལ་ནན་པོ་གནང་འདུག

ཡིག་སྒྱུར་བ། འཇམ་དབྱངས་དཀར་བོ།  གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ་ཐེབ་པད་གྲོལ།


རྩོམ་སྒྲིག་འགན་ཁུར་བ། མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-05-02 ལྟ་ཀློག (4425)