བོད་ཁུལ་སློབ་རའི་གསར་འགྱུར། ༼རྔ་བ།

ཨ་མདོ་རྔ་བའི་སློབ་ཆུང་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་གཉིས་པ།

འོད་འབར་རྟགས་ཅན་གྱི་བོད་ལྭ་གྱོན་པའི་སློབ་གྲོགས་ཚོ་འགྲན་སྡུར་དུ་འགྲོ་བཞིན་པ།

གཙོ་སྒྲུབ་སློབ་གྲྭ།

རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་།

གཙོ་གཉེར།

སློབ་མའི་ཁྱིམ་བདག་འཐུས་མི་ལྷན་ཚོགས།

དཔྱད་འདེམ་པ།

    བོད་ཀྱི་རྩོམ་པ་པོའམ་རྡུང་ལེན་པ་རྨ་ཆུའི་བསམ་གཏན།   བོད་ཀྱི་རྩོམ་པ་པོ་པད་སྡོང་འཇམ་དབྱངས། བོད་ཀྱི་རྩོམ་པ་པོའམ་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་དགེ་ཆོས།   ཚེ་དབང་རིག་ཁོ།   དཔལ་མགོན་སྒྲ་དབྱངས།

ཐོག་མའི་སྟ་གོན།

འགྲན་སྡུར་གྱི་ཡུལ་དངོས།

དཔྱད་འདེམ་པ་དགེ་ཆོས་ཀྱིས་དཔྱད་བརྗོད་སྤེལ་བ།

འགྲན་སྡུར་གྱི་ཟུར་དངོས་ཤིག

         སྤྱི་ལོ༢༠༡༦ལོའི་ཟླ༤བའི་དཔྱིད་རླུང་དང་འགྲོགས་ནས་མི་རིགས་སློབ་གསོའི་བྱ་བཞག་ལ་ཐུགས་ཁུར་བླ་མེད་གནང་བའི་གོང་རིམ་ལས་ཁུངས་ཀྱི་ཆོག་མཆན་དང་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མའི་ཁྱིམ་བདག་འཐུས་མིས་རྒྱབ་སྐྱོར་འོག་ཨ་མདོ་རྔ་བའི་སློབ་ཆུང་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་གཉིས་པ་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་།   སློབ་མ་མེས་རྒྱལ་ལ་དགའ་བ་དང་ཕ་ཡུལ་ལ་དགའ་བ།   སློབ་སྦྱོང་ལ་སྤྲོ་སྣང་བསྐྱེད་པ།   སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་གསོ་སྐྱོང་དང་སློབ་གྲྭའི་སློབ་སྒྲུབ་ཀྱི་ཁོར་ཡུག་འཐུས་ཇེ་ཚང་དུ་གཏོང་བ།     སློབ་མའི་སྨྲ་བརྗོད་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། བྱིས་པའི་སྙན་ངག་གྱེར་འདོན་གྱི་རྩལ་ནུས་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་སུ་གཏོང་བར་གཞིགས་ཏེ།  རྔ་བ་རྫོང་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་གནང་བ་དང་སློབ་མའི་ཁྱིམ་བདག་ལྷན་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་པ་བརྒྱུད།    སྤྱི་ལོ་༢༠༡༦ལོའི་ཟླ༤ཚེས༢༧ཉིན་ང་ཚོ་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གཙོ་སྒྲུབ་བྱས་པའི【ན་རོའི་འགྱུར་ཁུགས།】ཞེས་པའི་སློབ་ཆུང་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་གཉིས་པ་སྤེལ་བ་ལགས་སོ།།


འགྲན་སྡུར་གྱི་ཡུལ་དངོས།

དཔྱད་འདེམ་པ་པད་སྡོང་འཇམ་དབྱངས་ཀྱིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།

སློབ་གཙོ་གནས་ཆུང་གིས་ཐེངས་འདིའི་འགྲན་ཚོགས་ཕྱོགས་སྡོམ་དང་གོང་རིམ་འགོ་ཁྲིད་སོགས་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཞུ་བཞིན་པ།

ཐེངས་འདིའི་བྱ་འགུལ་ལ་རྒྱབ་སྐྱོར་གནང་མཁན་གྱི་གདན་ཞུས་སྐུ་མགྲོན་རྣམ་པར་ལེགས་སྐྱེས་འབུལ་བཞིན་པ།

གོང་རིམ་འགོ་ཁྲིད་ཀྱིས་བྱ་དགའ་ཐོབ་མཁན་གྱི་སློབ་གྲྭ་ཁག་སྤྱི་བསྒྲགས་དང་བྱ་དགའ་སྟེར་བའི་ཡུལ་དངོས།

ཨང་དང་པོ།

རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་།

ཨང་གཉིས་པ།  

ཆོས་རྗེ་མ་ལྟེ་བའི་སློབ་ཆུང་དང་རྨེའུ་རུ་མ་ལྟེ་གནས་སློབ་ཆུང་།

ཨང་གསུམ་པ། 

མཚན་ཉིད་ལྟེ་བའི་སློབ་ཆུང་།  དྷི་ཕུ་ལྟེ་བའི་སློབ་ཆུང་།   རྨེའུ་སྐོར་ལྟེ་བའི་སློབ་ཆུང་།

ཕུལ་བྱུང་བྱ་དགའ་ཐོབ་མཁན།  

མཁར་སར་ལྟེ་བའི་སློབ་ཆུང་།  གཅའ་ཁོག་ཕྱུགས་ལས་སློབ་ཆུང་།  རྒྱ་སྟོད་ལྟེ་བའི་སློབ་ཆུང་།  སྤྲོ་ཚིགས་ལྟེ་བའི་སློབ་ཆུང་།  ལོ་རྟ་ལྟེ་བའི་སློབ་ཆུང་།  བློན་ཚང་ལྟེ་བའི་སློབ་ཆུང་།   

       ཐེངས་འདིའི་ཨ་མདོ་རྔ་བའི་སློབ་ཆུང་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་གཟབ་རྒྱས་ངང་འཚོགས་ཤིང་བདེ་ལེགས་ངང་མཇུག་སྒྲིལ། འགྲན་ཞུགས་སློབ་གྲྭ་ཁག་གི་སློབ་གཙོ་རྣམས་ཀྱིས་མཐོང་ཆེན་དང་མཛུབ་སྟོན་དགེ་རྒན་དག་གིས་གཙིགས་ཆེན་བླ་མེད་གནང་།  དེ་མིན་ད་དུང་སློབ་གྲྭ་སོ་སོའི་སློབ་ཕྲུག་རྣམས་ཀྱི་དགའ་འདུན་གྱི་མོས་པ་ཕྱོགས་སོ་སོ་ནས་མངོན་ཐུབ་བོ།།

གསར་འགོད་པ།  རིན་ཆེན་དཔལ།


རྩོམ་སྒྲིག་འགན་ཁུར་བ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་། བན་ཤུལ་འཇམ་དབྱངས།

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-04-28 ལྟ་ཀློག (7049)