སྐབས་༢༤པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས།

སྐབས་༢༤པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས།

  སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་ནས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་འགྲན་ཚོགས་ནང་ཞུགས་པའི་རུ་ཁག་ཁྱོན་བསྡོམས་38ཡོད་པ་དང་། དེའི་ནང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རུ་ཁག  ཀྲུང་གོའི་མི་རིགས་ལོ་ཙཱ་ཅུས་ཀྱི་རུ་ཁག ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་གི་རུ་ཁག་སོགས་ཅིང་སྡོད་ལས་ཁུངས་ཀྱི་རུ་ཁག་དང་། སློབ་མའི་ཚོགས་ཆུང་གི་ནང་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་དང་། པེ་ཅིང་ལུས་རྩལ་སློབ་ཆེན། པེ་ཅིང་ནོར་དཔལ་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་སོགས་ཀྱི་སྐྱེས་པའི་རུ་ཁག་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། པེ་ཅིན་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན། པེ་ཅིང་བོད་ལྗོངས་མཐོ་འབྲིང་། རྒྱལ་སའི་དགེ་འོས་སློབ་ཆེན་བཅས་ཀྱི་སྐྱེས་མའི་རུ་ཁག་བཅས་ཁྱོན་བསྡོམས་རུ་ཁག་38ཡོད་པ་རེད། ཟླ་གཅིག་གི་ནང་རུ་ཁག་སོ་སོས་རང་རང་གི་ཁྱད་དུ་འཕགས་པའི་ནུས་རྩལ་བཏོན་ཏེ་སྲོང་བཙན་སྐྱེས་བུམ་གྱི་བྱ་དགའ་བརྩོན་ལེན་བྱས་པ་རེད།
      སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་འདི་ནི་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམཔོའི་མཚན་ནས་བཏགས་པ་ཞིག་ཡིན་པ་དང་། སྤྱི་ལོ་1991ལོ་ནས་འགྲན་ཚོགས་འགོ་ཚུགས་པ་ནས་ད་བར་ལོ་ཉུ་ཤུ་ལྷག་སོང་ཞིང་། ལོ་ངོ་ཉུ་ཤུ་ལྷག་གི་རིང་ལ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་གོའི་མི་རིགས་ལོ་ཙཱ་ཅུས་ལ་སོགས་པའི་ལས་ཁུངས་ཁག་གིས་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པ་དང་། ལྷག་པར་དུ་སྐུ་གཤེགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཟུར་པའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་མ་ཟད། ཁོང་གིས་སྐུ་ངོ་མས་སྲོང་བཙན་སྐྱེས་བུམ་འགྲན་ཚོགས་ལ་ཕྱག་བྲིས་ཀྱང་གནང་བ་རེད།
ད་ལོ་ཡང་སྔར་བཞིན་ཟླ་བ་༤བའི་ཚེས་༢ལ་མགོ་བཙུགས་ཤིང་༢/༢༤ཉིན་མཇུལ་སྒྲིལ་བྱས་པ་རེད་ལ།གཟའ་སྤེན་པ་དང་ཉི་མ་གཉིས་ཆར་ངལ་གསོ་བེད་སྤྱད་ནས་བསྟུད་མར་འགྲན་ཏེ་ཚོགས་པ་དེ་དག་ལས་ཚོགས་པ་བརྒྱད་བདམས་ཤིང་ཚོགས་པ་བརྒྱད་ལས་ཚོགས་པ་བཞི་ལ་བྱ་དགའ་གནང་ཞིང་ཕུལ་བྱུང་ལུས་རྩལ་བ་གཅིག་བཅས་བདམས་སོ།  །ཨང་དང་བོ།པེ་ཅིན་ལུས་རྩལ་སློབ་གླིང་། ཨང་གཉིས་བ།པེ་ཅིན་དཔར་སྐྲུན་སློབ་གླིང་ཡིན་ལ་ཚོགས་མི་དག་ནི་ཤེས་རིག་ནོར་བུའི་སློབ་གླིང་སྐབས་བཅུ་དྲུག་པ་དང་བཅུ་བདུན་པའི་མཐར་ཕྱིན་སློབ་མ་ཡིན་ལ་དེའི་ནང་གི་སློབ་མ་ཚེ་རིང་རྣམ་རྒྱལ་ཚོགས་པ་ཁྱོན་ཡོངས་ལས་ཕུལ་བྱུང་དུ་བདམས་ཐོན་བྱུང་ཡོད།

ཨང་གསུམ་པ་པེ་ཅིན་ཉེན་རྟོན་རུ་ཁག་བཅས་སོ།

འགྲན་བསྡུར་ཡུལ་དངོས།

འགྲན་བསྡུར་ཡུལ་དངོས།

འགྲན་བསྡུར་ཡུལ་དངོས།
                                           ༢༠༡༦/༥/༢༥ཉིན་གསར་འགོད་པ་སེར་སྐོར་འཇམ་ཚེ།


རྩོམ་སྒྲིག་འགན་ཁུར་བ།  མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།  འབའ་སྣང་གྲོལ།  ཨ་བུ་འབྲོང་།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-04-25 ལྟ་ཀློག (3618)