འབའ་དགོན་ཡུལ་ཚོའི་སྐབས་གཉིས་པའི་ཐ་སྙད་འགྲན་ཚོགས་ཆེེན་མོ།

འབའ་དགོན་ཡུལ་ཚོའི་སྐབས་གཉིས་པའི་ཐ་སྙད་འགྲན་ཚོགས་ཆེན་མོ།

  སྤྱི་ལོ་༢༠༡༦ལོའི་ཟླ༤བའི་ཚེས་༢༣ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅོ་བརྒྱད་པའི་མཐར་ཕྱིན་སློབ་མ་འཕྲིན་ལས་རྣམ་རྒྱལ་གྱིས་གཙོ་སྒྲུབ་བྱས་པའི་འབའ་དགོན་ཡུལ་ཚོའི་སྐབས་གཉིས་པའི་ཐ་སྙད་འགྲན་ཚོགས་ཆེན་མོ་གཟི་བརྗིད་ཀྱི་ངང་ནས་བསྡུས་ཤིང་།  ཐེངས་འདིའི་འགྲན་ཚོགས་ཁྲོད་ཚོགས་ཞུགས་མི་སྣར་ཟིལ་དཀར་དགོན་པའི་ལྷ་རམས་དགེ་བཤེས་ཆེན་མོ་༧དམ་ཆོས་བསོད་ནམས་མཆོག་དང་གཏེར་ཆུ་སྡེ་བའི་སྡེ་དཔོན་བཀྲ་ཤིས་དཔལ་ལྡན།  འབའ་དགོན་ཡུལ་ཚོའི་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ཟླ་བ་བཀྲ་ཤིས་བཅས་གཙོར་བྱས་པའི་བགྲང་བྱ་དྲུག་གི་རིང་ལ་འབའ་དགོན་ཡུལ་ཚོའི་སློབ་གསོའི་ཐད་ལ་བྱས་རྗེས་བླ་མེད་འཇོག་མཁན་གྱི་སྦྱིན་བདག་རྣམ་དང་འགྲན་བསྡུར་ལ་ཞུགས་པར་མ་ཟད།   མང་ཚོགས་ཡོངས་རྫོགས་བཅས་མཉམ་ཞུགས་གནང་། ཟིལ་དཀར་དགོན་པའི་ལྷ་རམས་དགེ་བཤེས་ཆེན་མོ་༧དམ་ཆོས་བསོད་ནམས་མཆོག་དང་དགེན་ཟླ་བ་བཀྲ་ཤིས།  སྡེ་དཔོན་བཀྲ་ཤིས་དཔལ་ལྡན་བཅས་ཀྱིས་སྐད་ཡིག་གི་གལ་ཆེའི་རང་བཞིན་གྱི་གཏམ་བཤད་གནང་སྟེ་མཇུག་བསྡུས།


འགྲན་ཞུགས་པ་རྣམས་ལ་བྱ་དགའ་བཀོད་སྒྲིག་གནང་བཞིན་པ།


འགྲན་བསྡུར་ལ་ཞུགས་བཞིན་པའི་ཚུལ།


ཐ་སྙད་འགྲན་ཚོགས་ཆེན་མོའི་སྟེང་ཕེབས་པའི་མང་ཚོགས་རྣམས་ལ་གསུང་བཤད་གནང་བཞིན་པ།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ་དབལ་དགུ་གཟི།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-04-23 ལྟ་ཀློག (23064)