ཁྲི་ཀའི་ཙོང་ཁ་ལ་རྩེ་འཛམ་གླིང་ཅི་ཉི་སིའི་ཟིན་ཐོ་རུ་ཚུད་པར་རྟེན་འབྲེལ་ཞུ།

བོད་ཁུལ་འཕྲིན་བཟང་།

ཙོང་ཁ་ལ་རྩེ་འཛམ་གླིང་ཅི་ཉི་སིའི་ཟིན་ཐོ་རུ་ལེགས་འགྲུབ་ངང་བཀོད་ཡོད།

      ཁྲི་ཀ་རྫོང་ཡུལ་སྐོར་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཐུན་སྦྱོར་དང་བརྩོན་ལེན་འོག  ཙོང་ཁ་ལ་རྩེའི་བཟོ་བཀོད་པེ་ཅིན་འཛམ་གླིང་ཅི་ཉི་སི་ཟིན་ཐོའི་དཔྱད་ཞིབ་ཚད་ཡོད་སྤྱི་གཉེར་ཁང་གིས་བདེན་དཔང་བྱས་ནས། འཛམ་གླིང་ཐོག་ཏུ་ལ་རྩེ་ཆེས་ཆེ་བའི་ཟིན་ཐོ་རུ་བཀོད་པ་ཡིན།  བདེན་དཔང་མཛད་སྒོ་ནི་སྤྱི་ཟླ་4་བའི་ཚེས་9ཉིན་སྒོ་མེ་ཉག་ག་ཙོང་ཁ་ལ་རྩེའི་མདུན་ནས་སྤེལ་བ་ཡིན།    ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་ཡ་གླིང་ས་ཁུལ་གྱི་བདེན་དཔང་བ་བོས་ཤོ་ཧོང་གིས། དངོས་སུ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའམ་ཡུལ་སྐོར་དོ་དམ་ཨུ་ཡོན་ལྷན་ཁང་ཀྲུའུ་རིན་གཞོན་པ་སྐྱ་ལོའི་ལག་ཏུ་དཔང་ཡིག་སྤྲད་ཡོད།

     ལ་རྩེ་འདི་ལ་མཐོ་ཚད་ལ་རྨིད་37དང་། འཛུགས་བསྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་1672.24ཡོད་པའི་ཙོང་ཁ་ལ་རྩེ་ཆེན་མོས་ཅི་ཉི་སིའི་ཟིན་ཐོ་བརྒལ་བའི་འཕྲིན་བཟང་། བོད་ཡུལ་ལྗོངས་རྒྱུའི་ཁེ་ལས་ཀྱི་ལམ་ཁ་མུ་མཐུད་དུ་ཇེ་ཡངས་ནས་ཇེ་རྒྱས་སུ་འགྲོ་བའི་སྨོན་ལམ་འདེབས།


རྩོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ། ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-04-11 ལྟ་ཀློག (7587)