དེ་རིང་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཀྱིས་ཨང་དང་པོ་བླངས།

    རྒྱུས་ལོན་བྱས་པའི་དྲ་ལམ་འགར་བསྒྲགས་པ་ལྟར་ན་དེ་རིང་༢༠༡༦ལོའི་རྒྱལ་སྤྱིའི་འཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་འགྲོ་རྩལ་འགྲན་སློང་ཕུའུ་ཐོའོ་ཡཱ་ས་ཚིགས་ཀྱི་འགྲན་བསྡུར་ནི་ཡུལ་དེ་གའི་དུས་ཚོད་ཚེས་པ་དགུའི་ཉིན་ཕུའུ་ཐོའོ་ཡཱའི་ཡཱ་ལེ་འོ་མཱ་ཡེའར་དུ་སྤེལ།  ཀྲུང་གོའི་འགྲན་ཞུགས་པ་ཆོས་དབྱིངས་སྐྱིད་ཀྱིས་བུད་མེད་ཀྱི་སྤྱི་ལེ་ཉི་ཤུའི་འགྲན་བསྡུར་ཁྲོད་དུས་ཚོད་གཅིག་དང་སྐར་མ་ཉེར་བདུན་སྐར་ཆ་ང་གཉིས་ཀྱི་མྱུར་ཚད་ཀྱིས་མི་སྒེར་འགྲན་སྡུར་གྱི་ཨང་དང་པོ་བླངས།

ལུས་རྩལ་བ་ཆོས་དབྱིངས་སྐྱིད།

རྒྱལ་ཁའི་ཁྲོད་ཀྱི་ཁོ་མོ་ལ་རྟེན་འབྲེལ་ཞུ།

རྒྱལ་སྤྱིའི་འཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་འགྲོ་རྩལ་འགྲན་སློང་འགྲན་བསྡུར་གྱི་ཕུའུ་ཐོའོ་ཡཱ་ས་ཚིགས་སུ་ཆོས་དབྱིངས་སྐྱིད་ཀྱིས་ཨང་དང་པོ་བླངས།

གསར་འགྱུར་མཁོ་སྤྲོད་པ། སྤྲེལ་ཉི་མ་རྒྱལ་མཚན།




རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-04-10 ལྟ་ཀློག (6591)