གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དབྱིན་སྐད་ཀྱི་ཁ་ལྕེ་འགྲན་བསྡུར་བྱ་འགུལ་སྤེལ་བ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དབྱིན་སྐད་ཀྱི་ཁ་ལྕེ་འགྲན་བསྡུར་ཐེངས་གསུམ་པ་འཚོགས་པ།


   ༢༠༡༦ལོའི་སྤྱི་ཟླ་༤ བའི་ཚེས་༨ ཉིན་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་རེའི་འཆར་ཅན་ལྟར་དབྱིན་སྐད་ཀྱི་ཁ་ལྕེ་འགྲན་བསྡུར་ཐེངས་གསུམ་པ་དེ་གླིང་སྨད་ཀྱི་ཚོགས་ཁང་ནས་གཟབ་རྒྱས་ངང་སྤེལ། གཏམ་བཤད་འགྲན་བསྡུར་དང་། སྙན་ངག་གྱེར་འདོན་འགྲན་བསྡུར། བཞད་གར་འགྲན་བསྡུར། གླུ་དབྱངས་འགྲན་བསྡུར་བཅས་རྣམ་གྲངས་བཞི་ལ་ཞུགས་པའི་སློབ་གྲོགས་རྣམས་ནི་སྨྲ་དག་ཅིང་སྒྲ་གསལ་ལ། སྙིང་སྟོབས་དང་སྤྲོ་སྣང་གིས་ཕྱུག་ཡོད་པས་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་གདེངས་འཇོག་དང་གཟེང་བསྟོད་གནང་།


དབྱིན་སྐད་ཀྱི་གཏམ་བཤད་གནང་བཞིན་པ།


དབྱིན་སྐད་ཀྱི་ལམ་དུ་བཞད་གར་འཁྲབ་པ།


དབྱིན་སྐད་ཀྱི་ལམ་དུ་གླུ་གཞས་གཏོང་བ།


དབྱིན་སྐད་ཀྱི་ལམ་དུ་ཁ་ལྕེ་འགྲན་པ།


དབྱིན་སྐད་ཀྱི་ལམ་དུ་སྙན་ངག་གྱེར་བཞིན་པ།


སློབ་གཙོ་མཆོག་གིས་བྱ་དགའ་ཐོབ་མཁན་ལ་གཟེངས་རྟགས་འབུལ་བཞིན་པ།


དགེ་རྒན་གྱིས་བྱ་དགའ་ཐོབ་མཁན་ལ་གཟེངས་རྟགས་འབུལ་བཞིན་པ།


སློབ་གཙོ་འཇིགས་མེད་རྒྱལ་མཚན་མཆོག་དང་བྱ་དགའ་ཐོབ་པའི་སློབ་མའི་མཉམ་པར།


དབྱིན་ཡིག་དགེ་རྒན་དང་འགྲན་ཞུགས་སློབ་མའི་མཉམ་པར། 

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ་གྱི་ལིང་འཇིགས་མེད།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-04-08 ལྟ་ཀློག (6521)