དབུགས་རྒྱུན་ཆད་ལ་ཉེ་བའི་ཁྱི་ལྡོམ་ཞིག་ལ་བསྔོ་སྨོན་གསུངས་པ།

     དབུགས་རྒྱུན་ཆད་ལ་ཉེ་བའི་ཁྱི་ལྡོམ་ཞིག་ལ་བསྔོ་སྨོན་གསུངས་པ།

    སྤྱི་ལོ་༢༠༡༦ལོའི་ཟླ་༤འི་ཚེས་༧ཉིན་ཏེ་རེས་གཟའ་ཕུར་བུའི་ཉིན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྨད་ཀྱི་དགེ་རྒན་རྣམ་པའི་ཉལ་ཁང་གི་ལྟག་རྒྱབ་ཏུ་ཁྱི་ལྡོམ་ཞིག་ནད་ཀྱིས་མནར་ཏེ་ཤི་མ་ཐུབ་པར་སྡུག་བསྔལ་གྱིས་མནར་གྱིན་པ་སློབ་དཔོན་འཇིགས་མེད་རྒྱལ་མཚན་གྱིས་གཟིགས་ཏེ། དེ་མ་ཐག་འཛིན་གྲྭ་འགའི་སློབ་མ་གྲྭ་བ་དག་བོས་ཏེ་ཁྱི་ལྡོམ་དེའི་ཉེ་འགྲམ་ནས་བསྔོ་སྨོན་གསུངས་པ་དང་། བསྔོ་སྨོན་གསུང་སར་སློབ་དཔོན་འཇིགས་མེད་རྒྱལ་མཚན་ཁོང་དང་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱང་དངོས་སུ་ཕེབས་ནས་སློབ་མ་ཚོ་དང་མཉམ་དུ་ཁྱི་འདིས་མཚོན་པའི་འཇིག་རྟེན་འདིར་གནས་པའི་སེམས་ཅན་ཡོད་དོ་ཅོག་སྡུག་བསྔལ་གྱི་གནས་ལས་ཐར་བའི་ཐུགས་སྨོན་རྒྱ་ཆེར་གནང་ངོ་།།


འཛིན་གྲྭ་སོ་སོའི་གྲྭ་བཙུན་མང་བོས་མཉམ་གཅིག་ཏུ་བསྔོ་སྨོན་གསུང་བཞིན་པ།


དགེ་རྒན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་སྣེ་ཁྲིད་དེ་གྲྭ་བཙུན་རྣམས་བསྔོ་སྨོན་གསུང་སར་ཕེབས་པའི་ཚུལ། 


དབུགས་རྒྱུན་ཆད་ལ་ཉེ་བའི་ཁྱི་ལྡོམ།

                          གསར་འགོད་པ། དགེ་རྒན་མགོན་པོ་སྐྱབས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-04-07 ལྟ་ཀློག (3944)