འབར་མའི་སྲིད་འཛིན་ཟུར་བ་རབ་ཏུ་བྱུང་བ།

འབར་མའི་སྲིད་འཛིན་ཟུར་བ་རབ་ཏུ་བྱུང་བ།

2016-04-05      13:51:16


འབར་མའི་སྲིད་འཛིན་བོ་ཏུན་ཧྲིན་མཆོག་གི་སྲིད་འཛིན་ལས་ཁུར་གྱི་འགན་སྤྱི་ལོ་2016.3.30ཉིན་མཇུག་རྫོགས་པ་དང་དེའི་རྗེས་ཀྱི་ཉིན་ལྔ་བ་སྟེ་ཟླ་4བའི་ཚེས་4ཉིན་གྱི་ཞོགས་པའི་ཆུ་ཚོད་8ཀྱི་སྟེང་དུ། ཁོང་གིས་མན་ཏི་ལི་པེན་བོ་ལོན་བྱམས་ཆེན་དགོན་པར་སྐྲ་ཕུད་ཕུལ་ཏེ་རབ་ཏུ་བྱུང་།

  ཏེ་ཏ་གོའི་ཆོས་ལུགས་མི་སྣ་ཞིག་གིས་བསྟན་དོན། རྒྱལ་ཁབ་སྲིད་འཛིན་གྱི་ལས་འགན་ཁུར་བའི་སྐབས་སུ་བོ་ཏིན་ཧྲིན་ཏེ་ཏ་གོ་རྒྱལ་སྤྱི་ནང་བསྟན་སློབ་ཆེན་དུ་འཛམ་གླིང་ནང་བསྟན་ཚོགས་འདུའི་སྟེང་ཕེབས་དུས། སློབ་དཔོན་ཏེ་ཏ་གོ་མཆོག་གིས་སྲིད་འཛིན་མཆོག་ནས་ངུར་སྨྲིག་གི་མནའ་བཟའ་མནབས་ཏེ་གདན་འདྲེན་ཞུས་པ་དང་ལེན་བྱས། ཡིན་ནའང་དུས་ཚོད་ཀྱི་དབང་གིས་བཀོད་སྒྲིག་བྱེད་མ་ཐུབ་པ་དང་། སླད་མར་སྲིད་འཛིན་གྱི་ལས་འགན་མཇུག་རྫོགས་པའི་རྗེས་སུ་ཆོས་ལུགས་མི་སྣ་ཞིག་བྱེད་པར་ཁས་ལེན་མཛད།

   སྲིད་འཛིན་ཟུར་བ་དང་ཐུག་འཕྲད་བྱས་མྱོང་བའི་མོ་མོ་ཨཱང་གིས་དྲ་བའི་སྟེང་སྤེལ་བ་ལྟར་ན། བོ་ཏུན་ཧྲིན་སྤྱི་ཟླ་4.4ཉིན་གྱི་ཞོགས་པ་ནས་བཟུང་རབ་ཏུ་བྱུང་བའི་དགེ་འདུན་པ་ཞིག་ཏུ་གྱུར་བ་དང་། རབ་བྱུང་གི་མཚན་ལ་ཡི་དམ་ཏེ་ཏ་མཱ་ཞེས་གསོལ་ཞིང་། འདི་ལ་བོ་ཏིན་ཧྲིན་ལ་རྒྱབ་སྐྱོར་བྱེད་མཁན་ཚོགས་ཀྱིས་དགའ་བསུའི་རྣམ་འགྱུར་བསྟན་ཡོད་ཟེར།


རྒྱུས་ལོན་བྱུང་བ་ལྟར་ན། བོ་ཏིན་ཧྲིན་གྱིས་ཉིན་ལྔའི་རིང་ངུར་སྨྲིག་གི་མནའ་བཟའ་གྱོན་པ་དང་དེ་རྗེས་སུ། ཆོས་ལུགས་ལས་རིགས་སུ་ནང་ཆོས་ཀྱི་ལས་དོན་ལ་ཞུགས་ངེས་རེད་ཟེར།


བོ་ཏིན་ཧྲིན་ནི་འབར་མའི་དམངས་གཙོ་འཕེལ་རིམ་གྱི་དུས་སྐབས་སུ་བྱུང་བའི་སྲིད་འཛིན་ཞིག་ཡིན་པ་དང་། སྤྱི་ལོ་2015ལོར་སྲིད་ཏང་ཕྱོགས་ཁག་མང་བོས་འོས་འདེམས་བྱས་པའི་མཐའ་འབྲས་ལ་གཞིགས་ཏེ། སྤྱི་ལོ་2016.3.30ཉིན་བདེ་བླག་དང་ཞི་བདེའི་སྒོ་ནས་སྲིད་འཛིན་གྱི་ཁྲི་སྟེགས་དེ་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཕྱོགས་ཁག་ལ་སྤྲད་པ་རེད། 

བོ་ཏིན་ཧྲིན་ཆོས་ཀྱི་མཛད་སྒོར་ཞུགས་པ།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ།  གསེར་ལག་འཇམ་དབྱངས་ཚུལ་ཁྲིམས། 




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-04-06 ལྟ་ཀློག (7133)