​​ཤེས་རིག་ནོར་བུའི་སློབ་གླིང་གི་དཔེ་མཛོད་སྒྲ་སྒྱུར་གཙུག་ལག་གླིང་གི་བསླབ་བྱ།

ཤེས་རིག་ནོར་བུའི་སློབ་གླིང་གི་དཔེ་མཛོད་སྒྲ་སྒྱུར་གཙུག་ལག་གླིང་གི་བསླབ་བྱ།

 ༡༽  དཔེ་ཀློག་ལ་སེམས་པ་སྤྲོ་ན་དཔེ་ཁང་དུ་གཉིད་ལ་ཤོར་ཡང་དཔེ་ཀློག་གི་སྒྲ་ཡིས་ཁྱེད་ཀྱི་རྨི་ལམ་ལ་མ་འོངས་པའི་མདུན་ལམ་རྨིས་ཡོང་། 


༢༽  དེ་རིང་གི་དུས་ཚོད་འདི་སང་ཉིན་གྱི་འདས་ཟིན་ཡིན་པས་ང་ཚོས་དེ་རིང་གི་དུས་ཚོད་ལ་རིན་ཐང་ལོན་དགོས།

༣༽  ཤོར་ཟིན་པའི་དུས་ཚོད་ལ་ནམ་ཡང་ཕྱིར་ཡོང་མེད་པས་ང་ཚོས་སྐར་ཆ་རེ་རེ་ལ་གསེར་ལས་ལྷག་པའི་འདུ་ཤེས་བསྐྱེད་དགོས།

༤༽  དེ་རིང་གི་ལས་བྱ་དེ་སང་ཉིན་ལ་བསྐྱུར་ན་སང་ཉིན་གྱི་དུས་ཚོད་ལ་རང་དབང་མེད་པ་དང་། དེ་རིང་གི་དུས་ཚོད་ལ་རིན་ཐང་མེད་པར་བཟོས་ཡོད། 

༥༽  སློབ་སྦྱོང་དཀའ་སྡུག་ཏུ་མཐོང་བའི་མི་དེ་ཚོ་ལ་དོན་དངོས་ཀྱི་བདེ་སྐྱིད་འཐོབ་མི་སྲིད་ལ།  སློབ་སྦྱོང་གཟི་བརྗིད་དུ་འཛིན་པའི་མི་རྣམས་ལ་ནམ་ཡང་བདེ་སྐྱིད་ཀྱི་དྲོད་ཁོལ་འཁྱིལ་ངེས།

༦༽  ང་ཚོ་ལ་སློབ་སྦྱོང་བྱེད་པའི་དུས་ཚོད་མེད་པ་མིན་ཏེ་ང་ཚོས་སློབ་སྦྱོང་ལ་དུས་ཚོད་མ་སྤྲད་པས་ཡིན། 

༧༽  བདེ་སྐྱིད་དང་སྡུག་བསྔལ་ལ་གོ་རིམ་མེད་མོད།  མཁས་པ་དང་བླུན་པོ་ལ་གོ་རིམ་ཡོད།  

༨༽ སློབ་སྦྱོང་ནི་མི་ཚེ་འདི་ཡི་ཡོད་ཚད་མིན་མོད།  སློབ་སྦྱོང་མེད་ན་མི་ཚེ་འདི་མ་ཟད།  ཚེ་རབས་རྗེས་མ་རྣམས་ཀྱི་ཡོད་ཚད་བརླག་ཀྱང་སྲིད།

༩༽  མི་སུ་ཞིག་ཡིན་ཡང་གཟུར་ཐབས་མེད་པའི་དཀའ་སྡུག་ལ་འཕྲད་སྲིད་མོད། ཆེས་གནད་འགག་ནི་ཇི་ལྟར་གདོང་ལེན་བྱེད་པའི་ཐབས་ཤེས་འཚོལ་རྒྱུ་དེ་ཡིན།  

༡༠༽  གཞན་དང་མཉམ་པའི་སྙིང་སྟོབས་དང་བརྩོན་པ་མི་བསྐྱེད་པར་གཞན་གྱི་བདེ་སྐྱིད་དང་ལེགས་འགྲུབ་ལ་བརྣབ་སེམས་བསྐྱེད་པ་ནི་གཤོག་པ་མེད་པས་འཕུར་འདོད་དང་རྐང་ལག་མེད་པས་རྒྱུག་འདོད་ཡིན། 

༡༡༽  གང་བརྩམས་ལེགས་འགྲུབ་འབྱུང་མིན་གྱི་འགག་སྒོ་ནི་དཀའ་སྡུག་བགྲོད་པའི་སྙིང་རུས་མེད་པ་དང་རང་སེམས་གཅུན་བྱེད་ཀྱི་སྲབ་མཐུར་མེད་པས་ཡིན།  

༡༢༽  ད་ལྟ་རོལ་བའི་སྤྲོ་སྐྱིད་དེ་སང་ཉིན་གྱི་སྡུག་བསྔལ་ལ་འགྱུར་སྲིད་ལ།  ད་ལྟ་བཞུར་བའི་དཀའ་སྡུག་གི་རྔུལ་ཆུ་དེ་སང་ཉིན་མྱོང་བའི་བདེ་སྐྱིད་ཀྱི་བདུད་རྩི་ལའང་འགྱུར་སྲིད།

༡༣༽  ཁྱི་བཞིན་དུ་དམན་སར་སྡོད་ཐུབ་ན་སེང་གེ་བཞིན་དུ་མཐོ་སར་ཡང་བསླེབ་ཐུབ།   

༡༤༽  དེ་རིང་མ་སོང་ན་སང་ཉིན་བརྒྱུགས་ཀྱང་རྗེས་མི་ཆོད། 

༡༥༽  དེ་རིང་བཏང་བའི་མ་རྩ་དེ་སང་ཉིན་གྱི་འཚོ་བའི་རྟེན་གཞི་ཡིན། 

༡༦༽  ད་ལྟ་མྱོང་བའི་སློབ་གསོ་དེ་ཁྱེད་ཀྱི་མ་འོངས་པའི་འཚོ་བའི་ཆུ་ཚད་ཡིན།  

༡༧༽  འདས་ཟིན་པའི་དུས་ཚོད་དེ་ནམ་ཡང་ཕྱིར་ཡོང་མི་སྲིད། 

༡༨༽  ཁྱོད་བསྡད་པའི་སྐབས་སུ་གཞན་འགྲོ་ཆོག་པ་དང་ཁྱོད་གཉིད་པའི་སྐབས་དེར་གཞན་གྱིས་བསླབ་ཆོག་པ་ཤེས་དགོས།  

༡༩༽  དཀའ་སྡུག་ལ་མགོ་སྒུར་བའི་མི་དེ་ནམ་ཡང་དཀའ་སྡུག་གི་བྲན་གཡོག་ཡིན།   

༢༠༽  དཔེ་ཆར་གཟིགས་པའི་མིག་ཤེས་ལ་གཟིམ་པ་ཡོད་ཀྱང་ཁོའི་ཤེས་རབ་ཀྱི་སྤྱན་ཟུང་དེ་ནམ་ཡང་ཇེ་གསལ་ཡིན།  

   

  ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྒྲ་སྒྱུར་གཙུག་ལག་གླིང་སྒོ་འབྱེད་མཛད་སྒོའི་ལེགས་སྐྱེས་ཀྱི་ཚུལ་དུ་ཨ་མི་རི་ཁའི་ཧྭ་ཧྥོ་སློབ་ཆེན་གྱི་དཔེ་མཛོད་ཁང་གི་བསླབ་བྱ་ལ་ལད་མོ་བྱས་ཏེ་སྤྱི་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་དགེ་མིང་འཛིན་པ་རྭ་རྒྱ་བ་འཇིགས་མེད་རྒྱལ་མཚན་གྱིས་བྲིས།  


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-03-30 ལྟ་ཀློག (6695)