ཧོང་ཀོང་རྒྱ་བྱ་འཁོར་སྐར་བརྙན་འཕྲིན་ཁང་རང་རེའི་སློབ་གྲྭར་རྒྱུས་ལོན་དུ་ཕེབས་པ།

ཧོང་ཀོང་རྒྱ་བྱ་འཁོར་སྐར་བརྙན་འཕྲིན་ཁང་རང་རེའི་སློབ་གྲྭར་རྒྱུས་ལོན་དུ་ཕེབས་པ། 


   སྤྱི་ལོ་༢༠༡༦ལོའི་ཟླ་༣པའི་ཚེས་༢༡ཉིན་ཧོང་ཀོང་རྒྱ་བྱ་འཁོར་སྐར་བརྙན་འཕྲིན་ཁང་གི་གློག་བརྙན་བཟོ་སྐྲུན་པ་བང་རིས་ཞེ་དང་འགོ་འཛིན་པ་བང་ཅུན་ཡོ།  གཟུགས་ལེན་པ་ལི་ཅཱ།  འཁྲབ་འཁྲིད་པ་ཡན་ཅིན་ཅིན་བཅས་ངེད་སློབ་གླིང་དུ་ཡོང་སྟེ་ཁྱོན་ཉིན་ཧྲིལ་བོ་བཞིའི་རིང་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ཀྱི་སློབ་གསོའི་གནས་ཚུལ་ལ་རྒྱུས་ལོན་དང་གཟུགས་བརྙན་ཕབས།  


སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་ལ་བཅར་འདྲི་བྱེད་བཞིན་པ། 


དགེ་རྒན་གཅོད་པ་ཚེ་རིང་ལགས་ལ་བཅར་འདྲི་བྱེད་བཞིན་པ།


སློབ་ཁྲིད་ལ་རྒྱུས་ལོན་བྱེད་བཞིན་པ། 


རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་རྣམས་དང་ཁ་བརྡ་བྱེད་པ། 


སློབ་མའི་ཁྱིམ་བདག་དང་ཁ་བརྡ་བྱེད་པ། 


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2016-03-26 ལྟ་ཀློག (3919)