ཁམས་སྟོད་ཀྱི་སྲོལ་རྒྱུན་ཡི་གེ་ཀློག་སྟངས་གླེང་བ།

ཁམས་སྟོད་ཀྱི་སྲོལ་རྒྱུན་ཡི་གེ་ཀློག་སྟངས་གླེང་བ།

      བོད་ཁམས་སིལ་བུར་མཐོར་རྗེས་སྐད་ཡིག་ལ་ཁྱད་པར་ཆེན་པོ་ཤོར་ཞིང་ས་གནས་བྱེ་བྲག་ཙམ་མ་ཡིན་པར་བོད་ཁམས་སྤྱིའི་སྐད་ལ་ཁྱད་པར་ཆེན་པོ་བྱུང་།དེ་བས་ཨ་བྲ་མདའ་ཐོགས་ཀྱི་མདའ་དང་།།སྲེ་མོང་མདེའུ་ཐོགས་ཀྱི་མདེའུ་ལྟར་ཝ་ཐང་དྭ་ཕྲུག་ཕན་བདེ་སློབ་གྲྭས་གཙོ་སྒྲུབ་བྱས་ཤིང་རྫ་སྟོད་རྫོང་སློབ་གསོ་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་རང་རྫོང་གི་དགོན་སྡེའི་མཁན་པོ་དང་གྲྭ་བ།སློབ་ཆུང་སོ་སོའི་འཐུས་ཚབ་མི་སྣ་རེ་བོས་ཏེ་དགོན་སྡེ་དང་སློབ་གྲྭ་མཉམ་འབྲེལ་གྱིས་སྤྱི་ལོ་༢༠༡༦ལོའི་ཟླ་༣ཚེས་༡༦ཉིན་རྫ་སྟོད་མི་དམངས་སྤྱི་ལ་དབང་བའི་གཅིག་གྱུར་གྱི་ཀློག་སྟངས་ཤིག་གཏན་ལ་ཕབ་ཆེད་ཁམས་སྟོད་ཀྱི་ཡི་གེ་ཀློག་སྟངས་གླེང་བ་ཞེས་པའི་བགློ་གླེང་ཞིག་ཝ་རི་ཐང་དྭ་ཕྲུག་སློབ་གྲྭ་ནས་བསྡུས།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ་དབལ་དགུ་གཟི།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-03-21 ལྟ་ཀློག (3372)