​སྒྱུ་རྩལ་བས་སྒྲ་རླབས(声波)ལ་བརྟེན་ནས་སྒྲའི་གཟུགས་རིས་གསར་གཏོད་བྱས་པ།

སྒྱུ་རྩལ་བས་སྒྲ་རླབས(声波)ལ་བརྟེན་ནས་སྒྲའི་གཟུགས་རིས་གསར་གཏོད་བྱས་པ།
   
   དབྱིན་ཇིའི<<ཉིན་རེའི་ཡིག་ཟམ་ཚགས་པར>>གྱིས་སྤྱི་ཟླ་2.18ཉིན་སྤེལ་བ་ལྟར་ན། སྒྲ་རླབས་ནི་མིའི་རིགས་ཀྱིས་ཐོས་ཚོར་ཐུབ་པ་ཙམ་དུ་མ་ཟད། སྒྱུ་རྩལ་བས་དེ་ཉིད་མཐོང་ཚོར་སྒྱུ་རྩལ་(视觉艺术)དུའང་བཟོ་ཐུབ་ཟེར། སྒྱུ་རྩལ་བLinden Gledhillཡིས་ཆུ་བཀོལ་ནས་འཇའ་ཚོན་གློག་སྒྲོན་དང་དམིགས་བསལ་གྱི་མ་ལག་གིས་གཟུགས་དབྱིབས་ངོ་མཚར་ཆེ་ཞིང་མཚར་སྡུག་ཡིད་དབང་འཕྲོག་པའི་སྒྲའི་གཟུགས་བརྙན་གསར་གཏོད་བྱས་ཡོད། དེ་ཡང་སྒྱུ་རྩལ་བས་སྒྲ་སྒམ་གྱི་སྟེང་དུ་ཆུ་བཞག་ནས། སྒྲ་འདར་འགུལ་བྱེད་དུས་ཆུ་ངོས་སུ་བྱུང་བའི་གཉེར་རིས་ཀྱི་གཟུགས་བརྙན་འཛིན་ཐུབ་སོང་བ་རེད།

   སྒྱུ་རྩལ་བLinden Gledhillཡིས་སྒྲ་དེ་བརྡ་རྟགས་བྱུང་ཆས་ལས་འོངས་པ་སྟོན་བཞིན་པ།

   བརྙན་མིག་གིས་སྟེང་ནས་འོག་ཏུ་ཆུ་ངོས་སུ་བྱུང་བའི་གཟུགས་བརྙན་ཕབ་ལེན་བྱས་པ།

   Gledhillནི་དངོས་ལུགས་ཀྱི་རིག་པའི་ཁམས་ཀྱི་གཟུགས་བརྙན་མི་འདྲ་བར་ཞིབ་འཇུག་བྱེད་པར་སྤྲོ་སྣང་ཡོད་པའི་སྒྱུ་རྩལ་བ་ཞིག་ཡིན།


  ང་རང་ཚོས་མཐོང་བཞིན་པའི་གཟུགས་བརྙན་མཐའ་དག་ནི་སྒྲ་རླབས་"རྐྱང་བ་"ལས་མ་འདས།

   སྒྱུ་རྩལ་བས་བཤད་དོན་གལ་སྲིད་ཁྱེད་ཀྱིས་རང་བྱུང་དབྱིབས་རྩིས་ཀྱི་ཆ་མཐུན་རང་བཞིན་ཤེས་ན། ཁྱེད་ཀྱིས་དངོས་ལུགས་ཁྲོད་དུ་མངོན་པའི་ཆ་མཐུན་ལ་ངོ་མཚར་ཧང་སངས་དགོས་དོན་གང་ཡང་མེད་ཟེར།

   སྒྲ་རླབས་ནི་གཞན་གྱི་དངོས་རིགས་ཀྱི་རོགས་རམ་འོག་དེ་བས་ཀྱང་གསོན་ཤུགས་ལྡན་པར་གྱུར།



   གཟུགས་བརྙན་འདི་དག་ཕར་བལྟས་ཚེ་གློག་ཀླད་ཀྱིས་བཟོས་པ་དང་འདྲ་མོད། ཡིན་ནའང་འདི་དག་དོན་དངོས་སུ་ཕབ་ལེན་བྱས་པའི་པར་རིས་ཤ་སྟག་ཡིན།

  ངོ་མཚར་བའི་སྒྲ་རླབས་ཀྱི་གཟུགས་བརྙན།

  ངོ་མཚར་བའི་སྒྲ་རླབས་ཀྱི་གཟུགས་བརྙན།

ཡིག་སྒྱུར་བ། རང་རེའི་དྲ་བའི་གསར་འགོད་པ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-03-14 ལྟ་ཀློག (3838)