ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་ཕྱིར་སའི་གོ་ལར་ལོག་པ།

ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་སྟོང་ཁམས་ཀྱི་མཁའ་དབྱིངས་ནས་ལོ་ངོ་གཅིག་ལྷག་ལ་འགྲུལ་བཞུད་བྱས་རྗེས་ཕྱིར་སའི་གོ་ལར་ལོག་པ།

    2016-03-02     15:27:43

     ས་དེ་གའི་སྤྱི་ཟླ་3པའི་ཚེས་2ཉིན། ཧ་སག་ཁི་སི་ཐན་གྱི་གྲོང་རྡལ་ཆུང་ཆུང་Dzhezkazganདུ། འཕུར་སྐྱོད་གསུམ་ཡོད་པའི་"མནའ་འབྲེལ་རྟགས་ཅན་TMA-18M”གྱི་འཕུར་གྲུ་སྟོང་ཁམས་ཀྱི་འབབ་ཚིགས་ནས་ཕྱིར་སའི་གོ་ལར་ལོག  ད་ལྟ་འཕུར་གྲུ་ས་ངོས་སུ་བབས་འདུག

      ཐེངས་འདིར་སའི་གོ་ལར་ཕྱིར་ལོག་པའི་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་སི་ཁི་ཐི•ཁེ་ལེས་ཉིན་གྲངས་340ཡི་མཁའ་དབྱིངས་ཟིན་ཐོ་བསྐྲུན་པ་དང་། ཁོ་རང་ཐེངས་གཅིག་གིས་སྟོང་ཁམས་ཆེན་མོར་འགྲུལ་བཞུད་བྱས་པ་དུས་ཡུན་ཆེས་རིང་ཤོས་ཀྱི་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པར་གྱུར་ཡོད།

ས་ངོས་སུ་བབས་པའི་སི་ཁི་ཐི•ཁེ་ལེའི་སེམས་ཁམས་ཧ་ཅང་བཟང་།

ཐེངས་འདིར་ཕྱིར་ས་ངོས་སུ་ལོག་པ་སི་ཁི་ཐི•ཁེ་ལེ་ལས་གཞན་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་སྡེ་ཁག་གི་འཕུར་སྐྱོད་པ་མེ་ཧྭ་ཡེ་ཨར•ཁི་ཨར་ནེ་ཡན་ཁི་དང་ཞེ་ཨར་ཀེ•ཨོ་ཨར་ཁི་ཧྥི་གཉིས་ཀྱང་ཡོད།

    ཁེ་ལེ་ལ་ད་དུང་མཚེ་མ་ནུ་བོ་ཞིག་ཡོད་པ་དང་ཁོ་གཉིས་མཉམ་དུ་དུས་ཡུན་རིང་སྟོང་ཁམས་ཆེན་མོར་འགྲུལ་བཞུད་བྱེད་པའི་མི་སྣའི་ལུས་ཁམས་ལ་ཐེབས་པའི་ཤུགས་རྐྱེན་ལ་ཚོད་ལྟ་ཉམས་ཞིབ་དང་ཞིབ་འཇུག་བྱེད་པའི་བྱ་བར་ཞུགས། ཨ་རིའི་འཇིག་རྟེན་འཕུར་སྐྱོད་སྡེ་ཁག་གི་ཆེད་མཁས་པས་མཱ་ཁི•ཁེ་ལེ་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་གཞི་རྒྱུ་(基因)གཅིག་ཡིན་པའི་ནུ་བོའི་ལུས་ཁམས་ལ་གཞིགས་ཏེ་སྟོང་ཁམས་ཆེན་མོས་མིའི་ལུས་ཁམས་ལ་ཐེབས་པའི་ཤུགས་རྐྱེན་ལ་དབྱེ་ཞིབ་བྱེད་པ་རེད།

སྤྱི་ཟླ་2པའི་ཚེས་29ཉིན། སི་ཁི་ཐི•ཁེ་ལེས་རང་གི་མཁའ་དབྱིངས་འབབ་ཚིགས་ཀྱི་ལས་གྲོགས་Tim Kopraལ་ལག་འཇུ་བྱེད་བཞིན་པ།

སི་ཁི་ཐི•ཁེ་ལེས་མཁའ་དབྱིངས་འབབ་ཚིགས་སུ་བྱ་བ་སྒྲུབ་བཞིན་པ།

               སྤྱི་ཟླ་1ཚེས་21ཉིན། སི་ཁི་ཐི•ཁེ་ལེ་(གཡོན)དང་མེ་ཧྭ་ཡེ་ཨར•ཁི་ཨར་ནེ་ཡན་ཁི་(གཡས)གཉིས་ཀྱིས་མཁའ་དབྱིངས་འབབ་ཚིགས་ཀྱི་འཕུར་གྲུའི་ནང་དུ་ཁོ་ཚོ་འགྲུལ་བཞུད་བྱས་ཏེ་ཉིན་300འཁོར་བར་རྟེན་འབྲེལ་ཞུ་བཞིན་པ།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ་འཇམ་དབྱངས་ཚུལ་ཁྲིམས།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-03-09 ལྟ་ཀློག (4433)