ཐེ་བན་དུ་ཚད་རིམ་༦.༧ཅན་གྱི་ས་ཡོམ་བྱུང་བ།

ཚད་རིམ་༦.༧ཅན་གྱི་ཐེ་བན་གྱི་ས་ཡོམ་ཡུལ་དངོས། 

2016-02-06    06:29:49


༢༠༡༦ལོའི་སྤྱི་ཟླ༢ཚེས༦གི་ཉིན་གྱི་ནམ་སྨད་ཀྱི་ཆུ་ཚོད༣དང་སྐར་མ༥༧སྟེང་།  ཐེ་བན་ལྷོ་ཕྱོགས་ཀྱི་གོ་ཞོང་ས་ཁུལ་དུ་ས་འགུལ་ཚད་རིམ་༦.༧དང་ས་ཡོམ་འབྱུང་གནས་ཀྱི་གཏིང་ཚད་སྟོང་རྨིད་༡༥ཅན་ཞིག་བྱུང་ནས་དེ་གའི་ཡུལ་མི་རྣམས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཕྱོགས་ལ་གནོད་སྐྱོན་ཆེན་པོ་བཟོས་འདུག ཆུ་ཚོད་༧:༡༠བར་དུ་མི་༡༢༧བསྐྱབས་པ་དང་རྨས་མ་མི་༢༩ཙམ་ཁྲོད་ནས་མི་གཉིས་ཀྱི་གློ་སྙིང་གི་ནུས་པ་ཉམས་པ་རེད། དེ་གཉིས་ལས་གཅིག་ནི་བཙས་ཏེ་ཉིན་བཅུ་ལས་མ་འགོར་བའི་བྱིས་པ་གཅིག་དང་། གཞན་ཞིག་ནི་ལོ་བཞི་བཅུ་ཅན་གྱི་སྐྱེས་པ་ཞིག་རེད།  གོང་གསལ་གྱི་པར་འདི་ནི་ཁང་བརྩེགས་བཅུ་བདུན་ཅན་ཞིག་མར་བརྡིབས་པའི་རྣམ་པ་རེད།

ཁང་བརྩེགས་བཅུ་བདུན་ཅན་ཞིག་བརྡིབས་པ།

བསྐྱབས་ཟིན་པའི་མི་ཞིག་གིས་ལག་ཟུང་ཐལ་མོ་སྦྱར་ནས་བཀའ་དྲིན་ཞུ་བ།

ཧྥུ་ཅན་དང་ཀོང་ཏུང་སོགས་ས་ཁུལ་དུའང་ས་ཡོམ་བརྒྱབ་པ་ཤེས་སོང་ཟེར། གནོད་ཁུལ་དུ་ཁང་བ་མང་བོ་བརྡིབས་པ་དང་འདི་ནི་བྱིས་པ་ཞིག་བསྐྱབས་པའི་པར་ངོས་རེད།

མིག་སྔར། ཡུལ་དངོས་སུ་རིམ་གྱིས་མི་མང་བོ་བསྐྱབས་དང་སྐྱོབ་བཞིན་ཡོད།

     ཡུལ་དངོས་འདི་ནི་ཡོང་ཁང་ས་ཁུལ་གྱི་ཚབས་ཆེ་བའི་གནོད་སྐྱོན་གྱི་རྣམ་པ་ཡིན་པ་ལ། ཁང་བརྩེགས་བཅུ་དྲུག་ཅན་ཞིག་བརྡིབས་ཏེ་གཞུང་ལམ་དུ་"གན་རྐྱན་དུ་ཉལ་"ནས་བསྡད་ཡོད་པ་དང་། ཞོགས་པའི་ཆུ་ཚོད་༥:༥༠བར་མི་༣༤བསྐྱབས་པ་རེད།

ཐེ་བན་སྨྱན་གཟུགས་གྱིས་སྤེལ་དོན། ས་ཡོམ་གྱི་དྲག་ཤུགས་ནི་ཉིང་རྡུལ་མཚོན་ཆ་གཉིས་གྱི་འགས་ཤུགས་དང་དོ་མཉམ་པ་འདུག་ཟེར།

ཐེ་ནན་གྲོང་ཁྱེར་གྱི་ཡོང་ཏཱ་ལམ་གྱི་ཡུལ་མི་སྡོད་ཁུལ་གྱི་ཁང་བརྩེགས་ཡོངས་སུ་མར་བརྡིབས་པ་དང་འོག་ཏུ་སྲོག་སྐྱོབ་རོགས་ཞེས་པའི་འོ་དོད་བར་མེད་དུ་གྲགས་འོངས།

ཐེ་བན་སྨྱན་གཟུགས་གྱིས་སྤེལ་དོན། ཐེ་ནན་ས་ཁུལ་དུ་ཁང་བརྩེགས་བརྡིབས་པའི་གནས་ཚུལ་ཐོན་འདུག མིག་སྔར་ཞིན་ཧྭ་ཅིན་ཁྲིན་དངུལ་ཁང་གི་ཁང་བརྩེགས་དང་ཐེ་ནན་ཡོང་ཏཱ་ལམ་གྱི་ཁང་བརྩེགས་དག་བརྡིབས་པ་ཤེས་བྱུང་ཟེར།

ཡོང་ཁང་ཡོང་ཏཱ་ལམ་གྱི་ཁང་བརྩེགས་བཅུ་བདུན་ཅན་ཞིག་བརྡིབས་པ་དང་དེའི་ནང་དུ་དུད་ཁྱིམ་བརྒྱ་དང་ལྔ་བཅུའི་ཡན་ཡོད་ཟེར།

ཡུལ་དངོས།

ཡུལ་མི་ཞིག་བསྐྱབས་པ།

བུ་མེད་ཅིག་བསྐྱབས་པ།

ཡུལ་དངོས་སུ་བུད་མེད་ཅིག་བྲོས་ནས་འོང་བཞིན་པ།

ཐེ་བན་ཐེ་ནན་གནོད་འགོག་སྡེ་ཁག་གིས་གསར་དུ་བསྡོམས་རྩིས་བྱས་པ་ལྟར་ན། བརྡིབས་ཟིན་པའི་ཁང་བརྩེགས་ནི། ཐེ་ནན་གྲོང་ཁྱེར་ཡོང་ཁང་ཁུལ་ཡོང་ཏཱ་ལམ་གྱི་༢༠༧ཁང་བརྩེགས་དང་ཞིན་ཧྭ་ཁུལ་ཅིན་ཁྲིན་གྱི་དངུལ་ཁང་ཁང་བརྩེགས་དང་།ཀས་རིན་ཁུལ་ཏཱ་རིན་སྲང་ལམ་གྱི་ཞིན་ཡེ་ལྷོ་ལམ་གྱི་ཁང་བརྩེགས། ཤར་ཁུལ་ཁྲང་ཏུང་ལམ་གྱི་༡༠༣ཁང་བརྩེགས། རིན་ཏི་ཐེ་ཙི་ལམ་གྱི་༡༠༡ཁང་བརྩེགས་བཅས་བརྡིབས་འདུག་ཟེར།

ཡུལ་དངོས་ཀྱི་པར་ངོས།

ཁང་བརྩེགས་༡༧ཅན་ཞིག་བརྡིབས་ཏེ་༥བརྩེགས་ལ་གྱུར་ཡོད་པ་དང་། དུད་ཁྱིམ་༨༠༠ཙམ་དཀའ་སྡུག་གི་གནས་སུ་ཚུད།

ཡུལ་དངོས་ཀྱི་པར་ངོས།

ཡུལ་དངོས་ཀྱི་པར་ངོས།

ཡུལ་དངོས་ཀྱི་པར་ངོས།

ཡུལ་དངོས་ཀྱི་པར་ངོས།

དཀའ་སྡུག་གི་གནས་སུ་ཚུད་པའི་མང་ཚོགས།

དཀའ་སྡུག་གི་གནས་སུ་ཚུད་པའི་མང་ཚོགས།

དཀའ་སྡུག་གི་གནས་སུ་ཚུད་པའི་མི་སྐྱོབ་པ།

དཀའ་སྡུག་གི་གནས་སུ་ཚུད་པའི་མང་ཚོགས།

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ།  འཇམ་དབྱངས་ཚུལ་ཁྲིམས།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-02-06 ལྟ་ཀློག (4727)