​ཆེས་མཐའ་མཇུག་གི་ཕྱུགས་ལས་མི་རིགས།

ཆེས་མཐའ་མཇུག་གི་ཕྱུགས་ལས་མི་རིགས།
   
   2016. 1.29ཉིན་སྤེལ་བའི་གསར་འགྱུར། རྒྱ་གར་གྱི་པར་རྒྱག་མཁན་སང་ཁ་ཨར•སི་ལེ་ཏ་ཨར་(Sankar Sridhar)གྱིས་ལོ་ངོ་གཉིས་ཀྱི་རིང་དུ་པ་ཁ་ཨར་བ་ཨར་ཕྱུགས་ལས་མི་རིགས་ཀྱི་འཚོ་བའི་གོམས་སྲོལ་པར་དུ་སྒྲོན་པ་དང་། ཚོ་ཁག་འདིའི་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ལ་འཚོལ་ཞིབ་བྱས།

   པ་ཁ་ཨར་བ་ཨར་ཕྱུགས་ལས་མི་རིགས་འདི་ལ་ཧ་ལམ་མི་གྲངས་ཁྲི་བཅུ་ཙམ་ཡོད། ལོ་རེའི་ཟླ་བཞི་བར། འབྲོག་པ་རྣམས་ཀྱིས་རྟ་ནོར་ལུག་གསུམ་མང་བོ་དེད་དེ་རྩྭ་ཐང་ནས་རུ་བ་སྤོར་སྐྱོད་བྱེད་པ་དང་། ཟླ་དགུ་བར་སླེབས་ནས་རིམ་གྱིས་ནམ་ཟླ་ཇེ་འཁྱགས་ལ་འགྲོ་སྐབས་ཕྱིར་རྩྭ་ཐང་འོངས་པ་རེད།  ཆེས་བཀུར་ཞིང་བསྔགས་པར་འོས་པ་ཞིག་ནི་འབྲོག་པ་དེ་ཚོས་རང་བྱུང་ཁམས་ཀྱི་ཆ་རྐྱེན་དག་འོས་འཚམ་དང་ལུགས་མཐུན་གྱི་སྒོ་ནས་བཀོལ་སྤྱོད་བྱེད་པ་དེ་ཡིན། ཁོ་ཚོས་གནམ་གཤིས་དང་ཁོར་ཡུག་གི་གནས་བབ་དང་བསྟུན་ནས་ཕྱུགས་རིགས་འཚོ་བར་ཤིན་ཏུ་མཁས་ཤིང་། རི་ཀློང་གི་ཐོན་ཁུངས་བེད་སྤྱད་དེ་འཚོ་བ་རོལ་བ་ཡིན།

   ཉེ་བའི་ལོ་འདི་དག་གི་རིང་། དེང་རབས་ཅན་གྱི་འཛུགས་སྐྲུན་དང་འགྲིམ་འགྲུལ་གཞུང་ལམ་བཟོ་སྐྲུན་སོགས་ཀྱིས་གནས་དེའི་ཡུལ་མི་འབྲོག་པ་རྣམས་ཀྱིས་ཕྱུགས་འཚོ་བར་དཀའ་ལས་ཆེན་པོ་བཟོས་པ་རེད། རྩྭ་ཐང་དུ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་དེས་ཀྱང་གདོད་མ་ནས་ཡོད་པའི་སྐྱེ་ཁམས་སྙོམ་སྒྲིག་ཐད་ཤུགས་རྐྱེན་ཐེབས་བཞིན་ཡོད་མོད། ཡིན་ནའང་དུས་མཚུངས་སུ། འབྲོག་པ་རྣམས་ལའང་སྔར་ལས་ཀྱང་མང་བའི་ཁེ་དབང་ཐོབ་ཡོད་པ་དང་། སློབ་གསོ་བཟང་བོ་དང་སྨན་བཅོས་འཕྲོད་བསྟེན་ལོངས་སུ་སྤྱོད་བཞིན་ཡོད། དེ་བཞིན་འབྲོག་པ་མང་བོར་སྔར་ལས་ཀྱང་གོ་སྐབས་མང་བོ་ཐོབ་ཡོད་པས་གྲོང་ཁྱེར་ནང་དུའང་བྱ་བ་བརྟན་པོ་ཞིག་འཚོལ་ཆོག

   པར་རྒྱག་མཁན་སང་ཁ་ཨར•སི་ལེ་ཏ་ཨར་གྱིས་ལོ་བཅོ་ལྔའི་རིང་ཕྱུགས་ལས་གཉེར་བའི་འབྲོག་པའི་འཚོ་བ་རོལ་མྱོང་། ལོ་གཉིས་ཀྱི་སྔོན་ནས་ཁོ་རང་གིས་པ་ཁ་ཨར་བ་ཨར་ཚོ་ཁག་གི་འཚོ་སྟངས་པར་དུ་སྒྲོན་པའི་འགོ་བརྩམས། ཁོས་བཤད་དོན། "པ་ཁ་ཨར་བ་ཨར་ཚོ་ཁག་ཟིན་ཐོར་འགོད་པ་ནི་དུས་ཡུན་རིང་བོར་སྒྲུབ་དགོས་པའི་བྱ་བཞག་ཅིག་རེད། ཚོ་ཁག་འདི་ནི་རྒྱ་གར་ཕྱུགས་ལས་མི་རིགས་ཀྱི་ཚབ་མཚོན་ཡིན་ཏེ། ཁོ་ཚོའི་འཚོ་བ་ཟིན་ཐོར་འགོད་པ་ནི་རྒྱ་གར་རྒྱལ་ཡོངས་ཀྱི་ཕྱུགས་ལས་གཉེར་བའི་མི་རིགས་ཀྱི་འཚོ་བ་རོལ་སྟངས་ཟིན་ཐོར་འགོད་པ་ཡིན་"ཟེར།

   གཡུ་ལོའི་གོས་བཟང་ཐགས་སུ་བཀྲ་བའི་ནེའུ་གསིང་གིས་ཁོ་ཚོར་གནས་སྤོ་མཚམས་འཇོག་པར་བྱས་པ་དང་། དུད་ཁྱིམ་རེ་རེའི་ཕྱུགས་རྫིས་རང་ལ་ཆེད་དམིགས་ཀྱི་ཁེ་དབང་ཡོད་པའི་སྤང་ཐང་དུ་ཕྱུགས་རིགས་འཚོ་བ་ཡིན།

   རྒན་པོ་བགྲེས་སོང་ཞིག་གི་པར།

   ཚོ་ཁག་གི་བྱིས་པ།

    གཞུང་ལམ་གྱི་སྣེ་མོ་རི་བོའི་ཁུལ་དུ་སླེབས་ཡོད་པ་དང་། ལྗིད་འདེགས་རླངས་འཁོར་དང་ཡུལ་སྐོར་རླངས་འཁོར་སོགས་ཀྱིས་ཕྱུགས་རིགས་གཉེར་བའི་ལས་རིགས་ཀྱི་འཚོ་བར་དཀའ་ཁག་ཚད་མེད་བཟོས།

    

ཕྱུགས་རྫི་བུ་ཆུང་།

 

  རྔམ་མཐུག་པའི་དགུན་ཁའི་ལུག་བལ་དེ་དབྱར་དུས་འབྲེག་བཞིན་ཡོད།

  

 ཆར་རླུང་དྲག་པོ་སྒར་ས་རུ་སླེབས་པ་འདྲ། རྒྱང་རིང་ནི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་རེད།


    ཆར་བ་ཟམ་ཟིམ་བབས་ནའང་། འབྲོག་པ་ཚོས་ལུག་ཁྱུ་དེད་ནས་ཕྱིར་ལོག་བཞིན་ཡོད།

   མཚན་མོར། སྐྱེས་པ་ཚོས་རེས་མོས་ཀྱིས་རང་གི་ལུག་ཁྱུ་ལ་བལྟ་སྲུང་བྱེད་དགོས་ཏེ། དོམ་དང་སྟག་གཟིག་སོགས་གཅན་གཟན་གྱི་ཚོགས་དག་གིས་གཙེས་པར་འགོག་སྲུང་བྱེད་པ་ཡིན། 

གསར་འགྱུར་ཡིག་སྒྱུར་བ་སྐབས་གསུམ་པའི་མཐར་ཕྱིན་སློབ་མ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-02-05 ལྟ་ཀློག (4254)