རྒྱ་གར་དུ་ཁྱི་ལྡོམ་གཉོར་བའི་སྤྲེའུ་ཞིག་འདུག

རྒྱ་གར་དུ་ཁྱི་ལྡོམ་གཉོར་བའི་སྤྲེའུ་ཞིག་འདུག

སྤྲེའུ་འདིས་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་ཁྱིམ་སྡོམ་འདི་གཉོར་བ་སུས་ཀྱང་རྟོག་ཐབས་བྲལ་མོད།ད་ལྟ་ཁོ་གཉིས་ལུས་དང་གྲིབ་མ་བཞིན་འཚོ་བ་རོལ་བཞིན་མཆིས།

ཉེན་ཁའི་གནས་སུ་ལྷུང་བའི་ཉིན་དེའི་བར་དུ་མི་རྣམས་ཀྱིས་ངོ་མཚར་བའི་མིག་མདངས་ཙམ་གྱིས་ཁོ་གཉིས་ལ་ཅེར་ནས་ཡོད།ཉིན་དེར་གར་ཡོང་མ་མཆིས་པའི་ཁྱི་སྡོམ་འགས་སྤྲེའུ་པང་གི་ཁྱི་སྡོམ་ཆུང་ཆུང་འདིར་རྨུགས་རྩིས་བྱེད།སྐབས་དེར་སྤྲེའུ་འདི་སྨྱོས་སོང་བ་ལྟར་ཁྱི་སྡོམ་འདི་དག་གི་སྟེང་ཤོར་བས།དེ་དག་འགྲོ་བློ་བློང་བློང་བོར་རྒྱང་དུ་བྲོས།

དུས་དེར་དང་ཐོག་སྣང་མེད་དུ་བཞག་པའི་མི་ཚོགས་ཀྱི་སེམས་པ་གཡོ་སོང་།མི་ཚོགས་ཀྱིས་"མ་བུ་"གཉིས་ལ་ཟས་སྣ་ཅི་རིགས་ཀྱང་སྟེར་བར་བྱས།

འོན་ཀྱང་མི་ཚོགས་ཀྱི་སེམས་པ་དེ་ལས་གཉོམ་པོར་བྱེད་པ་ནི།སྤྲེའུ་འདི་ཡུན་རིང་ལྟོགས་སྐོམ་གྱིས་མནར་ཡོད་ཀྱང་།ཟས་ཐོབ་མ་ཐག་རང་ཉིད་ཀྱི་མི་ཟ་བར་པང་གི་དབུགས་ལྷེམ་ལྷེམ་བྱེད་པའི་ཁྱི་སྡོམ་དེར་བྱིན་པ་དེ་རེད།

གནས་ཚུལ་འདི་བསྒྲགས་མ་ཐགfacebookཐོག་ནས་མི་ཁྲི16ལྷག་གི་བསྔགས་བརྗོད་ཐོབ་པར་མ་ཟད།དྲྭ་གྲོགས་ཞིག་གིས"དོན་དངོས་ཀྱི་འཚོ་བའི་ཁྲོད་དང་སྡུར་ན་དྲྭ་ཐོག་ནས་ད་གཟོད་ང་ཚོར་མི་ཞིག་གི་ཚུགས་ཀ་བབ་འདུགཔར་འདི་དག་མཐོང་བ་ན།ང་ཚོས་ཀྱང་དྲྭ་ངོས་ནས་ང་ཚོའི་མི་གཤིས་མངོན་པ་ཙམ་ལས་ཅི་ཡང་འཇོན་མི་འདུག"ཅེས་བྲིས་འདུག

གཅེས་ཕྲུགརྒྱུགས་ནས་ཅི་བྱ།མ་ལོས་པང་ནས་མཆོངས་ཆོག

མཆོངས་ས་མེད་ཀྱང་ད་དུང་ཆུང་བས་"ཨ་མས"ཁུར་ནས་འགྲོ།

ཤོག"ཨ་མས"ཁྱོའི་འདྲེ་ཤིག་དེ་དག་འཐུ།

 

གཅེས་ཕྲུག་སིལ་ཏོག་རྙེད་བྱུང་།མང་ཙམ་ཟོ་དང་ད་གཟོད་ལག་ཆགས་ངེས།

དྲྭ་གྲོགས་ཁ་ཤས་ཀྱིས་སྤྲེའུ་འདིའི་སྤྲེའུ་ཕྲུག་ཆུང་ཤི་ཐེབས་བས།མོས་ཁྱི་སྡོམ་ཆུང་ཆུང་འདི་མཐོང་མ་ཐག་རང་གི་བུ་ཕྲུག་ལ་འཁྲུལ་ཏེ་གཉོར་སྐྱོང་བྱེད་པ་ཡིན་སྲིད་ཅེས་བསྟན་ཡོད།གང་ལྟར་སྤྲེའུ་འདིས་དཔྲལ་བའི་མིག་ལྟར་ཁྱི་སྡོམ་གཅེས་ཤིང་སྲུང་བཞིན་མཆིས།རེད་དེ།སྤྲེའུ་ཡིས་ཟས་རིགས་སྣ་མང་སྤྱོད་པ་དང་ལན་རེར་སྐྱེ་དངོས་ཀྱང་ཟ།འོན་ཀྱང་ཁྱི་ནི་དེ་ལྟ་མ་ཡིན།གལ་ཏེ་"ཨ་མ"འདིས་དེར་སྣང་འཇོག་མ་བྱས་ན་ནམ་ཞིག་ལ་ཁྱི་སྡོམ་ཆུང་ཆུང་འདི་མི་འཆི་བའི་ངེས་པའང་མེད་དོ།།





རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-01-30 ལྟ་ཀློག (7507)