མཐུན་པ་གསུམ་གྱི་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་སྒོ།

མཐུན་པ་གསུམ་གྱི་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་སྒོ།

2016 ལོའི་སྤྱི་ཟླ་ 1 དང་བོའི་ཚེས་29 ཉིན་དགའ་བདེ་རྫོང་གཡུ་འབྲུག་གཞས་རའི་ཇ་ཁང་དུ་<<མཐུན་པ་གསུམ་གྱི་ཨེ་འགོག་ཤེས་བྱ་དྲིལ་བསྒྲགས་བྱ།>>ཞེས་པ་འབྲོག་མི་དཀྱུས་མ་འཛམ་སྐྱབས་དང་བསོད་ལྷུན།འགྱུར་རྡོར་རྣམས་ཀྱིས་གཙོ་སྒྲུབ་མཛད་ལ་མི་བཅུ་ལྷག་འདུས་ཤིང་།རང་འདེམས་པ་བསོད་ནམས་ཚེ་བརྟན་ལགས་ཀྱིས་ཨེ་ཙིའི་བྱུང་རིམ་དང་འབྲེལ།འགོ་ལམ་གསུམ་སྟེ་ལུས་འབྲེལ་དང་ཁྲག་བཤེར།མ་ལས་བུར་འགོ་བ་གསུམ་དང་འགོ་གནས་བཞི་སྟེ།རྨ་ཁ་དང་མཚན་མ།ནུ་མ།མངལ་བཅས་སོ།འགོ་རྐྱེན་ལྔ་སྟེ་ཁྲག་དང་རྣགས།ཆུ་སེར།འོ་མ།མཚན་མའི་ཟགས་ཐོན་བཅས་སོ།མི་འགོ་བ་བཅུ་སྟེ་ཁ་ཆུ་དང་སྣ་ཆུ།མིག་ཆུ།གཅིན།ཁ་རླངས།དྲོད།ཟས།ཅ་དངོས་བཅས་ཀྱི་སྐོར་ནས་ཤེས་བྱ་གྱ་ནོམ་པ་ངོ་སྤྲོད་གནང་བ་དང་ཨེ་ཙི་རང་འདེམས་པ་འཇམ་དབྱངས་སྒྲོལ་མས་ཨེ་ཙི་སྔོན་འགོག་དང་ཟབ་གནད་དགོས་པའི་སྐོར་ནས་གླེང་ཞིང་།མཐར་གླུ་བ་ཀུན་བརྟན་དང་གནས་ཆུང་།འཛམ་སྐྱབས་གསུམ་གྱིས་རྡུང་ལེན་རེ་བླངས་ཤིང་དྲིལ་སྒྲོག་སྐོར་གྱི་ཡིག་ཆ་དང་དཔེ་དེབ།འོད་སྡེར་བཅས་མཁོ་སྤྲོད་གནང་ཞིང་མཉམ་པར་ཞིག་རྒྱབ་ནས་ད་རུང་མུ་མཐུད་དུ་ཨེ་ཙི་དྲིལ་བསྒྲག་བྱ་བར་ཤུགས་སྣོན་དང་འབད་པ་ལྷུར་ལེན་བྱ་བའི་ཆོད་སེམས་ཡོད་ཅེས་པའོ།།

 གསར་འགྱུར་མཁོ་སྤྲོད་པ།   སྐབས་བཅུ་བདུན་པའི་སློབ་བུ་སེར་སྐོར་འཇམ་ཚེ།



རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-01-29 ལྟ་ཀློག (3253)