​སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་ཉེ་ལམ་གྱི་མཛད་རིམ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་ཉེ་ལམ་གྱི་མཛད་རིམ།

དེང་རབས་བོད་ཀྱི་སློབ་གསོ་བ་དང་རྩོམ་པ་པོ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གསང་ཆེན་སྔ་འགྱུར་བའི་ཆོས་སྡེ་ཆེན་མོ་དཔལ་ཡུལ་དར་ཐང་དགོན་སྔ་འགྱུར་མཐོ་སློབ་མདོ་རྒྱུད་

ཐོས་བསམ་གླིང་གིས་གདན་འདྲེན་ཞེས་པ་བཞིན་བོད་ཚེས་ཀྱི་ཟླ་བ་༡༢པའི་ཚེས་༡༡ཉིན་དཔལ་ཡུལ་དར་ཐང་དགོན་དུ་ཕེབས་ནས་ཡུལ་འདིའི་སྐྱ་སེར་སྟོང་ཕྲག་ལྔར་ཉེ་བ་ལྷག་ལ་

མི་ཆོས་གཙང་མ་བཅུ་དྲུག་དང་འབྲེལ་ཏེ་དུས་སུ་བབས་པའི་གསུང་གནད་དུ་སྨིན་པ་གནང་། ཚེས་བཅུ་གསུམ་ཉིན་དཔལ་ཡུལ་དར་ཐང་དགོན་སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་རྒན་རྣམས་དང་།

དར་ཐང་པད་དཀར་ཤེས་རིག་སློབ་གླིང་གི་དགེ་རྒན། དཔལ་ཡུལ་སློབ་ཆུང་། བར་བཞི་སློབ་ཆུང་གི་དགེ་རྒན་བརྒྱ་ཕྲག་ལྷག་ལ་སྔ་དྲོའི་ཆར་སློབ་ཁྲིད་བྱེད་ཐབས་སྐོར་དང་། ཕྱི་དྲོའི་ཆར་འཛིན་སྦྱོང་བྱེད་ཕྱོགས་སྐོར་གྱི་སློབ་ཁྲིད་དང་འབྲེལ་དྲི་བ་དྲིས་ལན་གནང་སྟེ་ཡུལ་འདིར་སྔར་བྱུང་མ་མྱོང་བའི་སློབ་ཁྲིད་དང་འཛིན་སྐྱོང་སྐོར་གྱི་སློབ་སྦྱོང་ཟབ་མོ་ཐོབ།

    

སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ་སེར་སྐོར་འཇམ་ཚེས་མཁོ་སྤྲད་བྱས།



རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-01-22 ལྟ་ཀློག (3707)