ནག་བཟའ་སྡེ་བའི་ཕ་ཁྱིམ་བདག་སྐྱོང་ཚོགས་པའི་ལོ་མཇུག་གི་སློོབ་གསོའི་སྤྱི་བསྡོམས་ཆེན་མོ།

 

ནག་བཟའ་སྡེ་བའི་ཕ་ཁྱིམ་བདག་སྐྱོང་ཚོགས་པའི་ལོ་མཇུག་གི་སློོབ་གསོའི་སྤྱི་བསྡོམས་ཆེན་མོ། 

  ནག་བཟའ་སྡེ་བའི་ཕ་ཁྱིམ་བདག་སྐྱོང་ཚོགས་པ་ནི་སྤྱི་ལོ་༢༠༠༩ལོ་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་འགས་རང་སྡེ་བའི་སློབ་གསོའི་དགོས་མཁོ་ལྟར་གསར་དུ་བཙུགས་པའི་འབའ་རྫོང་ཤ་སྦྲང་ནག་བཟའ་སྡེ་བའི་སློབ་གསོའི་ཚོགས་པ་ཆུང་ཆུང་ཞིག་ཡིན་ཞིང་།  ཚོགས་པ་འདིས་ལོ་རེ་རེར་འཆར་ཅན་ལྟར་རང་སྡེ་བ་ཚན་ཁག་བཅུ་བཞི་ལྷག་ཏུ་བགོས་ཏེ་ཕ་སྐད་དང་རྨོངས་སེལ་གཙོར་བྱས་ནས་བོད་ཀྱི་སློབ་གསོའི་བྱ་འགུལ་རབས་དང་རིམ་པ་སྤེལ་བཞིན་ཡོད་པར་མ་ཟད།  ཚན་ཁག་རེ་རེར་ན་གཞོན་ལྷག་བསམ་ཅན་གཉིས་རེ་ཚན་གཙོར་བདམས་ནས་ཚན་གཙོ་སུམ་བཅུ་ལྷག་གིས་ཚོགས་གཙོ་དག་གིས་འཆར་གཞི་བཞིན་དུ་ལོ་འཁོར་ཟླ་བ་བཅུ་གཉིས་ཀྱི་རིང་ལ་ཁོམ་སྐབས་དང་བསྟུན་ནས་སྡེ་དམངས་ཡོངས་ལ་རྨོངས་སེལ་དང་ཕ་སྐད་གཙོར་བྱས་ནས་སློབ་གསོའི་བྱ་བ་སྤེལ་བཞིན་ཡོད།  དེ་བས་ལོ་རེར་ཧོར་ཟླ་བཅུ་གཉིས་པའི་ཚེས་མགོ་ནས་ཚན་ཁག་སོ་སོར་རྒྱུགས་བླངས་ནས་ཚེས་བཅུ་གསུམ་ཉིན་ཕ་ཁྱིམ་བདག་སྐྱོང་ཚོགས་པའི་ལོ་མཇུག་གི་སློབ་གསོའི་སྤྱི་བསྡོམས་ཆེན་མོའི་ཚོགས་ཆེན་ཡིན་པས་ད་ལོ་སྟེ་༢༠༡༥ལོའི་ལོ་མཇུག་གི་ཚོགས་འདུའི་སྟེང་ནས་སྡེ་མི་༨༦ལ་ཡིག་རྨོངས་སེལ་ཟིན་པའི་གཟི་བརྗིད་དཔང་ཡིག་དགའ་རྟགས་དང་བཅས་པ་གནང་བ་དང་།  སྡེ་མི་༣༩ལ་ད་ལོའི་ཕ་སྐད་འགྲན་རྒྱུགས་ཁྲོད་བྱ་དགའ་ཐོབ་པར་མ་ཟད། ཕྱི་རབས་པའི་མདུན་ལམ་ལ་གཙོ་བོར་དམིགས་ནས་༼སྡེ་བའི་སྤྱི་ཆིངས་ཆེན་མོ་ལུགས་གཉིས་དར་དཀར་གསལ་བའི་མེ་ལོང་༽ཞེས་པའི་དོན་ཚན་སུམ་ཅུ་ཅན་ཞིག་གཏན་ལ་ཕབ་ནས་སྡེ་དམངས་ཡོངས་ནས་ཁས་ལེན་དང་བཅས་ལག་ལེན་ལ་འདེབས་པའི་དབུ་བཙུགས།   ཞོར་དུ་བོད་རང་གི་ངོ་བོ་མཚོན་བྱེད་ཀྱི་ཐུན་མོངས་མ་ཡིན་པའི་དམངས་སྲོལ་སྐོར་ཞིག་ཀྱང་རིམ་བཞིན་དུ་རྒྱུན་འཛིན་དང་དར་སྤེལ་གནང་བའི་ལས་ལ་འབད་བཞིན་ཡོད་དོ།།


སྡེ་དཔོན་དང་ཚོགས་གཙོ་རྣམ་པ།

ཚན་ཁག་སོ་སོའི་ཚན་གཙོ་རྣམ་པ།

ཚོགས་རའི་རྣམ་པ།


མངས་ཚོགས་ཀྱིས་བློ་སེམས་བསྒྲིམས་ནས་ཚོགས་གཙོ་རྣམ་པའི་བཀའ་སློབ་ལ་ཉན་བཞིན་པ། 


 སྤྲོ་སེམས་ངང་དགའ་བསུ་བྱེད་བཞིན་པ། 

 

ད་ལོའི་ཡིག་རྨོངས་སེལ་ཟིན་པའི་སྡེ་མི་རྣམས། 


ད་ལོའི་ཕ་སྐད་འགྲན་རྒྱུགས་ཁྲོད་བྱ་དགའ་ཐོབ་པའི་སྡེ་མི་རྣམས། 




རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-01-22 ལྟ་ཀློག (19966)