བྱི་བ་བྲང་ཁུག་ཅན་ཨ་མ་འཆི་ཁའི་རྣམ་པ།

   བྱི་བ་བྲང་ཁུག་ཅན་ཨ་མ་འཆི་ཁའི་རྣམ་པ།


        2016.01.13   སྤྱི་ཟླ་དང་བོའི་ཚེས་བཅུ་གསུམ་ཉིན་སྤེལ་བའི་གསར་འགྱུར། འདི་ནི་དུས་ཡུན་ཐུང་ངུ་ཞིག་གི་ནང་མི་སེམས་སྡུག་བསྔལ་བར་བྱེད་པའི་རྣམ་པ་ཞིག་རེད། མྱ་ངན་གྱིས་ཀུན་ནས་མནར་བའི་བྱི་བ་བྲང་ཁུག་ཅན་ཕོ་དེས་དབུགས་རྟ་རྔ་ཙམ་ལས་མེད་པའི་བྱི་བ་བྲང་ཁུག་ཅན་མོ་དེའི་མགོ་བོ་པང་དུ་བཟུང་ནས་ཡོད་པ་དང་། ད་དུང་འགྲམ་དུ་བྱི་བ་བྲང་ཁུག་ཅན་ཆུང་ཆུང་ཞིག་ལངས་ནས་བསྡད་ཡོད། བྱི་བ་བྲང་ཁུག་ཅན་མོ་དེས་རང་གི་བུ་ཕྲུག་དེ་ལ་འཆི་ཁའི་ཆེས་མཐའ་མཇུག་གི་ལག་པར་འཐམ་པར་རེ་ནས་ལག་ཟུང་ཕར་ལ་བསྲིངས། དེ་ནི་ཕར་བལྟས་ན་ཐབས་ཟད་འུ་ཐུག་གི་ཕ་བུ་གཉིས་ཀྱིས་མིག་ཅེར་རེར་བྱི་བ་བྲང་ཁུག་ཅན་མོ་དེ་ཤི་ནས་ཁོ་ཚོ་དང་གཏན་བྲལ་བྱེད་པར་བལྟ་བའི་ངང་ཚུལ་ལས་གཉིས་སུ་མ་འདས།

འདི་ནི་ཞོགས་པ་ཞིག་ལ།  Evan Switzerཞེས་པའི་མི་དེས་ཨོ་སི་ཁྲི་རེ་ཡ་རྒྱལ་ཁབ་ཀྱི་ཁིན་ཧྲི་ལན་ཧྥེ་ལེ་ཙི་གླིང་གི་གདོད་མའི་ནགས་ཁུལ་ཞིག་པར་དུ་སྒྲོན་པའི་རྣམ་པ་རེད། "ཕོ་དེས་ཧ་ལམ་པང་དུ་བཟུང་བསམ་གྱིན་ཡོད། ཡིན་ནའང་ཁོ་མོ་ཡར་ལངས་མ་ནུས་པར་ས་རུ་འགྱེལ་སོང་། ཁོས་དལ་མོར་ཁོ་མོ་སྒུལ་ཞིང་འགྲམ་དུ་ལངས་ནས་བསྡད་་་་་་་། འདི་ནི་ཧ་ཅང་དམིགས་བསལ་ཁྱད་པར་བའི་རྣམ་པ་ཞིག་རེད། ཁོས་རང་ཉིད་ཀྱི་གཏན་གྲོགས་ལ་མྱ་ངན་ཞུ་བཞིན་ཡོད་པ་རེད།

བྱི་བ་བྲང་ཁུག་ཅན་ཕོ་དེས་མོ་དེའི་ཕུང་བོ་སྲུང་ནས་བྱི་བ་བྲང་ཁུག་ཅན་གཞན་དག་དེའི་ཉེ་སར་བཅར་བར་བཀག་ནས་བསྡད་ཡོད།  Switzerབཤད་དོན། ལོ་ངོ་བཅུ་ལྷག་གི་རིང་། ཁོ་རང་ཉིན་ལྟར་གནས་འདི་ནས་འཆམ་འཆམ་ལ་སོང་བ་ཡིན། ཡིན་ནའང་དེ་རིང་གི་རྣམ་པ་འདི་ལྟ་བུ་ཞིག་གཏན་ནས་མཐོང་མ་མྱོང་། ཁོ་རང་གིས་ཀྱང་བྱི་བ་བྲང་ཁུག་ཅན་མོ་དེ་ལ་དོན་རྐྱེན་ཅི་ཞིག་བྱུང་བ་མི་ཤེས། གང་ལྟར་རྣམ་པ་འདི་ནི་ཐབས་ཟད་འུ་ཐུག་པའི་སྡུག་བསྔལ་གྱི་ན་ཟུག་ལྕི་མོ་ཞིག་རེད་ཟེར། 

 

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ།  སྐབས་གསུམ་པའི་མཐར་ཕྱིན་སློབ་མ་འཇམ་དབྱངས་ཚུལ་ཁྲིམས་ཡིན།





རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-01-15 ལྟ་ཀློག (5667)