དཔེ་འཕྲིན།

དཔེ་འཕྲིན། 


    སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོ་གསར་དུ་ཚེས་པའི་ཉི་འོད་དང་ལྷན་ཅིག རང་ཅག་གངས་རིའི་ལྗོངས་ཀྱི་སྐྱ་སེར་ཕོ་མོ་རིས་མེད་ལ་ཉེ་བར་མཁོ་ཞིང་དུས་སུ་བབས་པའི་གསུང་གི་འོད་ཟེར་ཞིག་སྟེ། བོད་ཀྱི་སློབ་གསོ་བ་དང་རྩོམ་པ་བོ་གྲགས་ཅན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་ལེགས་བཤད་གཅེས་བཏུས་༼ བློ་མིག་ ༽ཅེས་པ་ཞིག་ཉིན་འགའི་རྗེས་སུ་ཞིང་ཆེན་སོ་སོའི་དཔེ་ཚོང་ཁང་དག་ནས་འགྲེམ་སྤེལ་བྱེད་རྒྱུ་ཡིན་པས་དཔེ་ཀློག་ལ་སྤྲོ་བའི་གྲོགས་པོ་དག་གིས་ཐུགས་ལ་འཛིན་པར་ཞུ།


སྡེབ་ཉོ་བྱེད་ཚེ་འབྲེལ་གཏུགས་ཨང་གྲངས།  18609750880


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-01-03 ལྟ་ཀློག (4734)