གཉེན་སྒྲིག་སྔོན་དུ་ལུས་འབྲེལ་བྱས་པས་མི་མང་མདུན་དུ་ལྕག་ཁྲིམས་བཅད།

གཉེན་སྒྲིག་སྔོན་དུ་ལུས་འབྲེལ་བྱས་པས་མི་མང་མདུན་དུ་ལྕག་ཁྲིམས་བཅད་པ།


ས་གནས་ཀྱི་དུས་ཚོད༢༠༡༥ལོའི་ཟླ༡༢པའི་ཚེས༢༨ཉིན། ཧིན་རྡུ་ཉི་ཞི་ཡའི་པན་ཏ་ཡ་ཆེའིBaiturrahmanདབྱི་སི་ལན་ཆོས་ཁང་། ལོ་ན༢༠ཡིན་པའི་གཞོན་ནུ་མNurElitaཡིས་གཉེན་སྒྲིག་སྔོན་དུ་དགའ་གྲོགས་དང་ལུས་འབྲེལ་བྱས་པ་དེ། དབྱི་སི་ལན་གྱི་ཆོས་ཁྲིམས་དང་འགལ་བས་མི་མང་མདུན་སར་ལྕག་ཁྲིམས་བཅད།


པན་ཏ་ཡ་ཆེ་ནི་ཧིན་རྡུ་ཉི་ཞི་ཡ་ནང་ཁྲིམས་འཛིན་མ་ལག་ཁྲོད་དབྱི་སི་ལན་ཆོས་ཁྲིམས་ལག་བསྟར་གྱི་དབང་ཆ་ལྡན་བའི་ས་ཆ་གཅིག་པུ་དེ་ཡིན། ས་གནས་དེ་གར་ཡེ་ཤུའི་འཁྲུངས་སྐར་དང་ནུབ་ཕྱོགས་ཀྱི་ལོ་གསར་ལ་རོལ་ཆོག་གིན་མེད།


ལྕག་གིས་གཞུས་རྗེསNurElitaསྐྱོབ་སྲུང་རླངས་འཁོར་དུ་འཁྱེར།


པན་ཏ་ཡ་ཆའི་སྲིད་གཞུང་གིས་གཟའ་ཟླ་བ་ཉིན་ལྕག་གཞུ་ཁྲིམས་ཆད་སྤེལ།ཁྲོམ་ནས་བསྡོམས་པས་མི༦ལ་ཁྲིམས་ཆད་བཅད།ཁོ་ཚོའི་ཉེས་མིང་ལ་འཆལ་སྤྱོད་དང་།རྒྱན་སྐུགད་དུང་གཉེན་སྒྲིག་སྔོན་དུ་ལུས་འབྲེལ་བྱས་པ་སོགས་ཡོད།པར་ནང་དུ་མངོན་པ་ནི་སྐྱེས་པ་ཞིག་ལ་ལྕག་ཁྲིམས་གཅོད་བཞིན་པའི་རྣམ་པ་རེད།


པན་ཏ་ཆི་ཡ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པZainalArifinཐེ་བའི་མི་བརྒྱ་ལྷག་ཡུལ་དངོས་ལ་ཐོན་ནས་ཉེས་ཁྲིམས་གཅོད་པར་བལྟས་ཡོད།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-12-31 ལྟ་ཀློག (4553)