བོད་སྐད་བཤད་ནུས་པའི་བློ་འབྱེདརིག་ལྡན་རྩེད་ཆས་ཚོང་རར་བཀྲམ་པ།

བོད་སྐད་བཤད་ནུས་པའི་བློ་འབྱེད་རིག་ལྡན་རྩེད་ཆས་ཚོང་རར་བཀྲམ་པ།
བློ་འབྱེདརིག་ལྡན་
བོད་སྐད་བཤད་ནུས་པའི་བློ་འབྱེདརིག་ལྡན་རྩེད་ཆས།


གསལ་བཤད་ཡི་གེའི་རྩེད་ཆས།


གསལ་བཤད་ཡི་གེའི་རྩེད་ཆས།

     ཉེ་སྔོན། དབུས་སྐད་དང་ཨམ་སྐད་བཤད་ནུས་པའི་བློ་འབྱེདརིག་ལྡན་རྩེད་ཆས་ཐོག་མ་ཚོང་རར་བཀྲམ་པ་རེད། བློ་འབྱེདརིག་ལྡན་རྩེད་ཆས་ཀྱི་བྱེད་ནུས་ནི་བྱིས་གླུ་གསར་བ། ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས།  ངོ་མཚར་གཏམ་རྒྱུད། སྦས་རེས་རྩེད་མོ།  གླུ་གཞས་ལ་ཉན་པ། ལེགས་བཤད་ལ་ཉན་པ། བརྗེ་བསྒྱུར། གྲངས་ཀ སློབ་སྦྱོང་། ངོས་འཛིན། དྲི་བ། དབྱངས་རྟ། བརྙན་འཆར། གཏམ་རྒྱུད་ལ་ཉན་པ། དབུས་སྐད་དང་ཨམ་སྐད་སོགས་ཡོད།
     རྩེད་ཆས་འདི་ནི་བཟོ་དབྱིབས་མཛེས་ཤིང་བྱེད་ནུས་མང་བའི་རྩེད་ཆས་ཁྱད་མཚར་པ་ཞིག་ཡིན་པར་མ་ཟད་བོད་རང་གི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་དམིགས་ནས་བྱིས་པ་རྣམས་ལ་ཆེད་དུ་བཟོས་པ་ཞིག་ཀྱང་ཡིན་པས། འདི་ལ་བོད་གླུ་ལེན་པ་དང་བོད་སྐད་ཀྱི་ལེགས་བཤད་གྱེར་བ། བོད་ཡིག་གི་དབྱངས་གསལ་སློབ་པ། བོད་སྐད་ཀྱི་ལམ་ནས་བྱིས་སྒྲུང་བཤད་པ་སོགས་ཀྱི་བྱེད་ནུས་ལྡན་ཐོག   གློག་འོད་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་པས་བོད་རིགས་བྱིས་པ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད།
     མདོར་ན་རྩེད་ཆས་འདི་ནི་ཁྱེད་ཀྱི་བྱིས་པའི་སུན་སྣང་མཐའ་དག་རྨང་ནས་གཞོམ་སྟེ་བྱིས་དུས་ཀྱི་འཚོ་བ་ལ་སྤྲོ་སྐྱིད་ཀྱི་དཔལ་ཡོན་སྟེར་བའི་རྩེད་རོགས་ཆུང་ཆུང་ཞིག་གམ་ཁྱེད་ཀྱི་བྱིས་པའི་ཤེས་ནུས་འཇོན་གསུམ་མཐོར་འདེགས་གཏོང་བས་དགེ་རྒན་ཆུང་ཆུང་ཞིག་ཀྱང་ཡིན།

བོད་སྐད་བཤད་ནུས་པའི་བློ་འབྱེདརིག་ལྡན་རྩེད་ཆས་ཚོང་རར་བཀྲམ་པ།



རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-12-30 ལྟ་ཀློག (4701)